- dbas ta ra khong lod
- ID:
- T238430
- དབས་ཏ་ར་ཁོང་ལོད (Tibetan, Tibetan script, Original)
- > dbas ta ra khong lod (Tibetan, Latin script, Transliteration-THL Extended Wylie Transliteration)
- > wé ta ra khong lö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྟག་སྒྲ་ཁོང་ལོད)《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་བློན་པོ་འདི་བཙན་པོ་ཁྲི་འདུས་སྲོང་གི་བློན་པོ་ཡིན་པར་གསུངས་ཀྱང་། ཏུན་ཧོང་ནང་ཐོན་པའི་གཏེར་ཡིག་ནང་། བློན་པོ་འདིས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་ཡོས་ལོའི་དགུན་དུས་ནས་འབྲུག་ལོའི་ནང་བར་ལོ་གཅིག་མ་ལོན་ཙམ་བློན་པོ་བྱས་ནས་བཀྱོན་ཕབ(ཁྲིམས་ཆད་བཅད་པའི་དོན)པར་བཤད། ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཙུང་གི་ཁེ་ཡོན་ཁྲི་ལོ་བཅི་ལྔ་པ་མེ་ཡོས(༧༢༧)ལོར་བོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང་འབྲོ་ལུང་མང་པོ་རྗེ་གཉིས་ཀྱིས་བཀྭའ་ཀྲེའོ་མཁར་ལ་དམག་དྲངས་ཏེ་ཡུལ་སྡེ་མངའ་འོག་ཏུ་བསྡུས། དེ་དུས་བློན་པོ་སྟག་སྒྲ་ཁོང་ལོད་སྙན་གྲགས་ཆེ་བའི་དབང་གིས། གོང་མས་ཧི་ཞི་ས་ཆའི་ཅེ་ཏུའུ་ཧྲིར་བསྐོས་པའི་པིན་པུའུ་ཧྲང་ཧྲུའུ་ཡི་གོ་གནས་ཡོད་པ་དཔོན་ཆེན་ཞོ་སུང་གིས་ས་གནས་གང་སར་བློན་སྟག་སྒྲ་ཁོང་ལོད་ནི་ཐང་དང་ངན་འབྲེལ་ཡོད་ཚུལ་གྱི་འཆལ་གཏམ་བཀྲམ་པས་བཙན་པོ་ཐུགས་དོགས་སྐྱེས་ཏེ་བློན་པོ་སྟག་སྒྲ་ཁོང་ལོད་བོད་དུ་བསྐོང་པས་སྲོག་ཐོག་བཏང་བར་བཤད་པ་ཁུངས་དག་པར་མངོན།
- language:
- Tibetan
2. Thupten Phuntsok Dictionary
(སྟག་སྒྲ་ཁོང་ལོད) ཆོས་འབྱུང་མཁས་པའི་དགའ་སྟོན》ནང་བློན་པོ་འདི་བཙན་པོ་ཁྲི་འདུས་སྲོང་གི་བློན་པོ་ཡིན་པར་གསུངས་ཀྱང་། ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ནང་། བློན་པོ་འདིས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་ཡོས་ལོའི་དགུན་དུས་ནས་འབྲུག་ལོའི་ནང་བར་ལོ་གཅིག་མ་ལོན་ཙམ་བློན་པོ་བྱས་ནས་བཀྱོན་ཕབ (ཁྲིམས་ཆད་བཅད་པའི་དོན) པར་བཤད། ཐང་རྒྱལ་རབས་ཀྱི་ཡིག་ཚང་རྙིང་པ་ལས། ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཙུང་གི་ཁེ་ཡོན་ཁྲི་ལོ་བཅོ་ལྔ་པ་མེ་ཡོས (༧༢༧) ལོར་བོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང་འབྲོ་ལུང་མང་པོ་རྗེ་གཉིས་ཀྱིས་བཀྭའ་ཀྲེའོ་མཁར་ལ་དམག་དྲངས་ཏེ་ཡུལ་སྡེ་མངའ་འོག་ཏུ་བསྡུས། དེ་དུས་བློན་པོ་སྟག་སྒྲ་ཁོང་ལོད་སྙན་གྲགས་ཆེ་བའི་དབང་གིས། གོང་མས་ཧི་ཞི་ས་ཆའི་ཅེ་ཏུའུ་ཧྲིར་བསྐོས་པའི་པིན་པུའུ་ཧྲང་ཧྲུའུ་ཡི་གོ་གནས་ཡོད་པ་དཔོན་ཆེན་ཞོ་སུང་གིས་ས་གནས་གང་སར་བློན་སྟག་སྒྲ་ཁོང་ལོད་ནི་ཐང་དང་ངན་འབྲེལ་ཡོད་ཚུལ་གྱི་འཆལ་གཏམ་བཀྲམ་པས་བཙན་པོ་ཐུགས་དོགས་སྐྱེས་ཏེ་བློན་པོ་སྟག་སྒྲ་ཁོང་ལོད་བོད་དུ་བསྐོང་ནས་སྲོག་ཐོག་བཏང་བར་བཤད་པ་ཁུངས་དག་པར་མངོན།
- language:
- Tibetan