- dbu chen tshe 'phel
- ID:
- T238440
- དབུ་ཆེན་ཚེ་འཕེལ (Tibetan, Tibetan script, Original)
- > dbu chen tshe 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
- > u chen tsé pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་ལ་སྟག་རྩེ་རྫོང་ཁོངས་བདེ་ཆེན་གསང་སྔགས་མཁར་དུ་སྐུ་འཁྲུངས། ཁོང་ནི་མཁྱེན་ལུགས་ཀྱི་གྲུབ་མཐའ་འཛིན་པའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་མཁས་པ་ཞིག་ཡིན། ཕོ་བྲང་དམར་པོ་བཞེངས་སྐབས་སུ་དབུ་ཆེན་གྱི་ཐུགས་འགན་བཞེས་ནས་ལྡེབས་རིས་དང་། ཐང་ག་མང་པོ་བྲིས་ཡོད། སྤྱི་ལོ (༡༧༡༥) ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པས་མདོ་སྨད་བཀྲ་ཤིས་འཁྱིལ་དུ་བཀྲ་ཤིས་སྒོ་མང་གི་ཆོས་སྡེ་ཆེན་པོ་ཕྱག་བཏབ་པའི་ཚེ། བདེ་ཆེན་གསང་བསྔགས་མཁར་པའི་དབུ་ཆེན་ཚེ་འཕེལ་གདན་ཞུས་ཀྱིས་ལྡེབས་རིས་དང་། འཇིམ་བརྙན་རྣམས་བཞེངས་སྐྲུན་མཛད་པའི་ཐུགས་འགན་བཞེས་ཏེ། བརྩམ་བྱ་ངོ་མཚར་ཅན་མང་པོ་ཞིག་དུས་ད་ལྟའང་འདྲེན་བྱེད་ཀྱི་ལམ་དུ་གནས།
- language:
- Tibetan