- dbu ru'i stong sde bcu
- ID:
- T238455
- དབུ་རུའི་སྟོང་སྡེ་བཅུ (Tibetan, Tibetan script, Original)
- > dbu ru'i stong sde bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > urü tong dé chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བ་ལྟར་ན། དོར་སྡེ་དོལ་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་དབུས་སྟོད་སྐྱིད་སྨད་ལྷ་ས་ནས་ཆུ་ཤུར་བར་ ཡེལ་རབ་བཅས་ལས་ཏུན་ཧོང་གི་ཡིག་ཆར་ཐོག་མར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁོངས་སུ་ཡེལ་རབ་སྡེ་བཞི་བྱ་བ་ཡོད་པ་རྗེས་སུ་ཟིང་པོ་རྗེའི་བློན་པོ་གཉན་འཛི་ཟུང་གིས་ངོ་ལག་བྱས་ཏེ་ཟིང་པོ་རྗེ་ཁྲི་བང་གསུམ་ལ་ངོ་ལྟས་ནས་སྟག་སྐྱ་བོ་བསད་ནས་ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་བཅས་ཟིང་པོ་རྗེ་ཁྲི་བང་གསུམ་གྱི་མངའ་ཁོངས་སུ་བསྡུས། རྗེས་སུ་ཟིང་པོ་རྗེའི་བྲན་མྱང་ཙེང་སྐུ་སོགས་མི་བཞི་ཟིང་པོ་རྗེར་ངོ་ལོག་ནས་སྟག་རི་གཉན་གཟིགས་ལ་མགོ་བཏགས་ཞུས་པ་ཁོ་ཚོས་ཐབས་ཇུས་བཏོན་པའི་འོག་གནམ་རི་སྲོང་བཙན་གྱིས་དམག་དྲངས་ཏེ་ཟིང་པོ་རྗེ་ཁྲི་བང་གསུམ་གཏོར་བ། ཡུལ་གྱི་མིང་འཕན་ཡུལ་དུ་བཏགས་པ། མྱང་སོགས་མི་བཞི་ལ་ཟིང་པོ་རྗེའི་ཡུལ་བྲན་སོགས་མང་པོ་བྱ་དགར་སྤྲད་ནས་བློན་པོའི་ནང་དུ་བཅུག་པ་སོགས་ཞིབ་པར་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་ལེའུ་བཞི་པར་གསལ་ཞིང། 《བློན་པོ་བཀའ་ཐང》ལས་ཡེལ་ཞབས་སྟོང་ཆུང་བྲན་ཀའི་སྟོང་སྡེ་ཡིན་ཞེས་ཀྱང་གསལ་བའི་བྲན་ཀ་ནི་འཕན་ཡུལ་དུ་ཡོད་པའི་རུས་རྒྱུད་ཚོ་པ་ཞིག་ཡིན་པར《ཇོ་བོ་རྗེའི་རྣམ་ཐར་ཆེན་མོ》ལས་གསུངས།
- language:
- Tibetan
2. Thupten Phuntsok Dictionary
ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གསལ་བ་ལྟར་ན། དོར་སྡེ (དོག་སྡེ) སྡེ་བཙམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད (དབུས་སྟོད) སྐྱིད་སྨད (ལྷ་ས་ནས་ཆུ་ཤུར་བར) ཡེལ་རབ་བཅས་ལས་ཏུན་ཧོང་གི་ཡིག་ཆར་ཐོག་མར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁོངས་སུ་ཡེལ་རབ་སྡེ་བཞི་བྱ་བ་ཡོད་པ་རྗེས་སུ་ཟིང་པོ་རྗེའི་བློན་པོ་གཉན་འཛི་ཟུང་གིས་ངོ་ལོག་བྱས་ཏེ་ཟིང་པོ་རྗེ་ཁྲི་བང་གསུམ་ལ་ངོ་ལྟས་ནས་སྟག་སྐྱ་བོ་བསད་ནས་ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་བཅས་ཟིན་པོ་རྗེ་ཁྲི་བང་གསུམ་གྱི་མངའ་ཁོངས་སུ་བསྡུས། རྗེས་སུ་ཟིང་པོ་རྗེའི་བྲན་མྱང་ཙེང་སྐུ་སོགས་མི་བཞི་ཟིང་པོ་རྗེར་ངོ་ལོག་ནས་སྟག་རི་གཉན་གཟིགས་ལ་མགོ་བཏགས་ཞུས་པ་ཁོ་ཚོས་ཐབས་ཇུས་བཏོན་པའི་འོག་གནམ་རི་སྲོང་བཙན་གྱིས་དམག་དྲངས་ཏེ་ཟིང་པོ་རྗེ་ཁྲི་བང་གསུམ་གཏོར་བ། ཡུལ་གྱི་མིང་འཕན་ཡུལ་དུ་བཏགས་པ། མྱང་སོགས་མི་བཞི་ལ་ཟིང་པོ་རྗེའི་ཡུལ་བྲན་སོགས་མང་པོ་བྱ་དགར་སྤྲད་ནས་བློན་པོའི་ནང་དུ་བཅུག་པ་སོགས་ཞིབ་པར་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་ལེའུ་བཞི་པར་གསལ་ཞིང་། བློན་པོ་བཀའ་ཐང》ལས་ཡེལ་ཞབས་སྟོང་ཆུང་བྲན་ཀའི་སྟོང་སྡེ་ཡིན་ཞེས་ཀྱང་གསལ་བའི་བྲན་ཀ་ནི་འཕན་ཡུལ་དུ་ཡོད་པའི་རུས་རྒྱུད་ཚོ་པ་ཞིག་ཡིན་པརཇོ་བོ་རྗེའི་རྣམ་ཐར་ཆེན་མོ》ལས་གསུངས།
- language:
- Tibetan