Skip to main content Skip to search
dbugs mi bde ba'i nad rigs lnga
ID:
T238464
  • དབུགས་མི་བདེ་བའི་ནད་རིགས་ལྔ (Tibetan, Tibetan script, Original)
    • > dbugs mi bde ba'i nad rigs lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > uk midewé né rik nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

༡ཕྲན་ཚེགས། ལྟོ་འགྲངས་ཤིང་ངོམས་པོར་འདུག་པའི་རྗེས་སུ་ལུས་དྲག་ཤུལ་བྱས་པའི་རྐྱེན་ལས་འབྱུང་། ༢ མུན་ཅན། གློ་མིག་བད་ཀན་གྱིས་འགགས་པས། ལུད་པ་མང་ལ་གྲེ་བ་ངར་ཞིང་འཛེར། ཉལ་ན་མི་བདེ་ཞིང་། རོ་སྟོད་གཟེར་སྙམ་བྱེད། ༣ དབུགས་ཆད། བད་ཀན་གྱི་གློ་མིག་འགགས་པས་གྱེན་རྒྱུའི་རླུང་གི་མཐུ་ཉམས་ཏེ། དབུགས་འབྱིན་མི་བདེ་ཞིང་། ཁ་སྐམ་ལ་སྐད་གདངས་དམའ་བས་མཐར་གཏམ་གྱི་གཞུག་ཆད་དེ་ལྐོག་གཏམ་སྨྲ་བ་ལྟ་བུའི་སྒྲར་འགྱུར། ༤ ཆེན་པོ། སྐད་འཛེར་ཞིང་མགུལ་པ་སྐམ་པ། སྐད་ང་རོ་ཆེ་བ། ལུས་འགུལ་བསྐྱོད་ཀྱི་ཚེ་དབུགས་རྒོད། ལུད་པ་མང་དུ་འབྱུང་། ༥ གྱེན་རྒྱུ། བད་ཀན་གྱིས་གྱེན་རྒྱུའི་དབུགས་རྒྱུ་བའི་ལམ་བཀག་ནས་དབུགས་ཕྱིར་འབྱིན་བདེ་ཞིང་ནང་དུ་དབུགས་ཐུང་རྩུབ་རྔུབ་པ་དཀའ་བ།

language:
Tibetan