- dbon rgan sku phreng gnyis pa theg mchog bstan 'phel ni
- ID:
- T238486
- དབོན་རྒན་སྐུ་ཕྲེང་གཉིས་པ་ཐེག་མཆོག་བསྟན་འཕེལ་ནི (Tibetan, Tibetan script, Original)
- > dbon rgan sku phreng gnyis pa theg mchog bstan 'phel ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > wön gen ku treng nyipa tek chok ten pel ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་སྤྱི་ལོ་༡༧༨༤ལོ་སྐུ་འཁྲུངས། ཀརྨ་པ་བདུད་འདུལ་རྡོ་རྗེས་དབོན་རྒན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ནས་དཔལ་སྤུངས་དགོན་དུ་ཁྲི་སྟོན་མཛད། འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཐུན་མིན་བཀའ་དྲིན་ཅན་གྱི་བླ་མར་གྱུར། སྤྱི་ལོ༡༨༣༣ལོར་དབོན་པོ་ཆེས་སི་ཏུ་པདྨ་ཉིན་བྱེད་ལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འདི་ཉིད་སྤྲུལ་པའི་སྐུ་ཞིག་ཏུ་ངོས་འཛིན་དགོས་པར་ནན་ཞུས་ལྟར་རྗེ་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མ་ཀོང་པོ་བམ་སྟེང་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཞེས་མཚན་གསོལ། རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ༡༨༤༢ལོའི་ཟླ་བ་དང་པོའི་ཚེས་༢༥་ལོར་སྐུ་གཤེགས།
- language:
- Tibetan