- dbon rgan sku phreng dang po dbon po karma bsam gtan
- ID:
- T238487
- དབོན་རྒན་སྐུ་ཕྲེང་དང་པོ་དབོན་པོ་ཀརྨ་བསམ་གཏན (Tibetan, Tibetan script, Original)
- > dbon rgan sku phreng dang po dbon po karma bsam gtan (Tibetan, Latin script, Transliteration-THL Extended Wylie Transliteration)
- > wön gen ku treng dangpo wönpo karma samten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སི་ཏུ་ཆོས་འབྱུང་གི་སྤུན་མཆེད་ཆུང་ཤོས་ཏེ། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་སྤྱི་ལོ་༡༧༠༨ལོར་སྡེ་དགེའི་ཨ་ལོ་གྲོང་དུ་སྐུ་འཁྲུངས། ཆུང་དུས་ནས་སི་ཏུ་ཆོས་འབྱུང་དང་། འབྲུག་ཁམས་བསྟན་འཛིན་ཆོས་ཀྱི་ཉི་མ། འབེ་ལོ་ཚེ་དབང་ཀུན་ཁྱབ། དེའུ་དམར་བསྟན་འཛིན་ཕུན་ཆོགས་སོགས་བསྟེན་ནས་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་སྦྱངས། ཁྱད་པར་དུ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལྷ་ཐོག་རྒྱལ་པོས་ཡུལ་འབུད་བཏང་སྐབས་ཁོང་དཔལ་སྤུངས་དགོན་དུ་ཕེབས་ནས་སི་ཏུ་ཆོས་འབྱུང་དང་ཕན་ཚུན་དགེ་རྒན་བསྟེན་རེས་གནང་ནས་བཞུགས་སྐབས། དབོན་བསམ་གཏན་གྱིས་དེའུ་དམར་བའི་མདུན་ནས་གསོ་རིག་བསླབས་པས་ལག་ལེན་དམར་ཁྲིད་ལ་ཤིན་ཏུ་མཁས་པས་གཡུ་ཐོག་ཡོན་ཏན་མགོན་པོའི་སྤྲུལ་པ་ཞེས་ཡོངས་སུ་གྲགས། རྗེ་སི་ཏུ་ཆོས་འབྱུང་གི་སྤུན་མཆེད་ཆུང་ཤོས་ཡིན་ཡང་སི་ཏུ་ཆོས་འབྱུང་སྐུ་གཤེགས་རྗེས་དཔལ་སྤུངས་ཀྱི་གདན་ས་བསྐྱངས་ནས་སྐུ་ན་བགྲེས་ཅན་དུ་བཞུགས་པའི་དུས་ན་ཡུལ་མི་རྣམས་ཀྱིས་དབོན་རྒན་རིན་པོ་ཆེ་ཞེས་འབོད་སྲོལ་བྱུང་། དགུང་ལོ་དོན་བཞི་པར་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་སྤྱི་ལོ༡༧༨༢ལོར་སྐུ་གཤེགས།
- language:
- Tibetan