- dbon ston rin po che
- ID:
- T238492
- དབོན་སྟོན་རིན་པོ་ཆེ (Tibetan, Tibetan script, Original)
- > dbon ston rin po che (Tibetan, Latin script, Transliteration-THL Extended Wylie Transliteration)
- > wön tön rinpoche (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་མ་དབོན་སྟོན་གཞོན་འབྱུང་ཞེས་པའམ་སྣང འདི་ཉིད་དགྱེར་སྒོམ་ཆེན་པོའི་གཅུང་པོའི་སྲས་སུ་རབ་བྱུང་གཉིས་པའི་ས་རྟ་༡༡༣༨ལོར་སྐུ་འཁྲུངས། གཙུག་ལག་ཁང་ཆེན་པོ་བཞེངས་པ་ལ་སོགས་པའི་གཞན་དོན་གྱི་བྱ་བ་རླབསཆེན་པོ་མང་དུ་མཛད། ནམ་ཞིག་གི་ཚེ་ན་དགེ་འདུན་དབུ་ཆེན་ཁག་ཁ་ཅིག་བསགས། འདུན་མའི་ཞལ་བཀོད་མཛད་པ་ལ་དེ་རྣམས་ཀྱིས་མ་ཉན་པས་དབོན་སྟོན་རིན་པོ་ཆེའི་གསུང་གིས་དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་ཀྱི་བསྟན་པ་འདི་ངས་གཟུང་ངམ་སྙམ་པ་ཡིན་ཏེ་ང་ཁྱེད་རྣམས་ཀྱི་བློ་ལ་མི་འབབ་ན་ངའི་སྐྱ་མ་འདི་དེ་རིང་ནས་རྩེན་གྱིས་བསྡུས་པས་ཚོག་གསུངས་ནས་གཟིམས་མལ་དུ་ཐེགས། ཇ་སུན་གཉིས་བཞེས་པའི་མོད་ལ་འཕོ་བ་མཛད་དེ་མཐར་དགུང་ལོ་བདུན་ཅུ་རྩ་གསུམ་པ་རབ་བྱུང་བཞི་པའི་ལྕགས་རྟ་༡༢༡༠ལོར་སྐུ་གཤེགས། དབོན་སྟོན་གྱི་གདན་སར་ལོ་བཞི་བཅུ་རྩ་གཉིས་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
(རྒྱ་མ་དབོན་སྟོན་གཞོན་འབྱུང་ཞེས་པའང་སྣང) འདི་ཉིད་དགྱེར་སྒོམ་ཆེན་པོའི་གཅུང་པོའི་སྲས་སུ་རབ་བྱུང་གཉིས་པའི་ས་རྟ (༡༡༣༨) ལོར་སྐུ་འཁྲུངས། གཙུག་ལག་ཁང་ཆེན་པོ་བཞེངས་པ་ལ་སོགས་པའི་གཞན་དོན་གྱི་བྱ་བ་རླབས་ཆེན་པོ་མང་དུ་མཛད། ནམ་ཞིག་གི་ཚེ་དགེ་འདུན་དབུ་ཆེན་ཁ་ཅིག་བསགས། འདུན་མའི་ཞལ་བཀོད་མཛད་པ་ལ་དེ་རྣམས་ཀྱིས་མ་ཉན་པས་དབོན་སྟོན་རིན་པོ་ཆེའི་གསུང་གིས་དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་ཀྱི་བསྟན་པ་འདི་ངས་གཟུང་ངམ་སྙམ་པ་ཡིན་ཏེ་ད་ཁྱེད་རྣམས་ཀྱི་བློ་ལ་མི་འབབ་ན་ངའི་སྐྱ་མ་འདི་དེ་རིང་ནས་རྩེན་གྱིས་བསྡུས་པས་ཆོག་གསུངས་ནས་གཟིམས་མལ་དུ་ཐེགས། ཇ་སུན་གཉིས་བཞེས་པའི་མོད་ལ་འཕོ་བ་མཛད་དེ་མཐར་དགུང་ལོ་བདུན་ཅུ་རྩ་གསུམ་པ་རབ་བྱུང་བཞི་པའི་ལྕགས་རྟ (༡༢༡༠) ལོར་སྐུ་གཤེགས། དབོན་སྟོན་གྱི་གདན་སར་ལོ་བཞི་བཅུ་རྩ་གཉིས་བཞུགས།
- language:
- Tibetan