Skip to main content Skip to search
dbon po karma nges legs
ID:
T238493
  • དབོན་པོ་ཀརྨ་ངེས་ལེགས (Tibetan, Tibetan script, Original)
    • > dbon po karma nges legs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wönpo karma ngelek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སི་ཏུ་ཆོས་འབྱུང་གི་གཅུང་གཉིས་པ། དབོན་པོ་ཞེས་པ་སྤུན་མཆེད་ཆུང་བའི་ཞེ་སའི་ཚིག་ཡིན། འདི་སི་ཏུ་ཆོས་འབྱུང་གི་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ༡༧༠༥ལོར་ཁམས་སྡེ་དགེའི་ཨ་ལོ་གྲོང་དུ་སི་ཏུ་ཆོས་འབྱུང་དང་ཡབ་ཡུམ་གཅིག་པར་འཁྲུངས། སི་ཏུ་རིན་པོ་ཆེས་ཚབ་ཚ་དགོན་པའི་བླ་མ་སྐུ་སྐྱེ་ཡང་སྲིད་དུ་ངོས་འཛིན་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་སྤྱི་ལོ་༡༧༣༢ལོར་རྩིས་གཞུང་ཉེར་མཁོ་བུམ་བཟང་ཞེས་སྐར་རྩིས་མཁོ་དང་། འབྱུང་རྩིས་གཉིས་ཀའི་གཞུང་ཆ་ཚང་ཞིག་བརྩམས། དེའི་རྗེས་སུ་སྨན་བསྡུས་ཨེ་ཝཾ་གཉིས་བརྩམས། མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་སྨན་རྩིས་དང་། སྙན་ངག་བཅས་ལ་མཁས་པའི་གྲགས་པ་ཆེར་རྒྱས། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་ཡོས་སྤྱི་ལོ་༡༧༥༩ལོར་སྐུ་གཤེགས། དེའི་ཡང་སྲིད་ཀརྨ་རིན་ཆེན། ཡོངས་གྲགས་ཀྱི་མཚན་ལ་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ཟེར། གོང་དུ་ཀརྨ་རིན་ཆེན་དང་དོན་གཅིག་འདིའི་སྤྲུལ་བརྒྱུད་ཚབ་ཚ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ནོ། །

language:
Tibetan