Skip to main content Skip to search
dbon sprul sku phreng gnyis pa dbang gi rdo rje gong ma ni
ID:
T238496
  • དབོན་སྤྲུལ་སྐུ་ཕྲེང་གཉིས་པ་དབང་གི་རྡོ་རྗེ་གོང་མ་ནི (Tibetan, Tibetan script, Original)
    • > dbon sprul sku phreng gnyis pa dbang gi rdo rje gong ma ni (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wön tulku treng nyipa wang gi dorjé gongma ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གསུམ་པའི་ཆུ་བྱ་སྤྱི་ལོ༡༧༥༣ལོ་འཇང་ས་ཐམ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དབོན་ཀརྨ་བསམ་འཕེལ་གྱི་ཡང་སྲིད་དུ་ངོས་འཛིན། རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ༡༧༦༧ལོར་དབོན་སྤྲུལ་དབང་གི་རྡོ་རྗེ་འཇང་པའི་གྲྭ་པ་མང་པོ་དང་བཅས་ཏེ་དཔལ་སྤུངས་གདན་སར་ཕེབས། དཔལ་སྤུངས་དགོན་དུ་ནཱ་རོ་ཆོས་དྲུག་གི་སྒྲུབ་བསམ་གཏན་ཆོས་གླིང་རྟེན་བརྟེན་པ་དང་བཅས་པ་བཞེངས་པ་སོགས་དཔལ་སྤུངས་དགོན་དུ་རྟེན་གསུམ་མང་པོ་བཞེངས། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་སྤྱི་ལོ་༡༨༢༤ལོར་སྐུ་གཤེགས།

language:
Tibetan