- dbon zhang rdo ring
- ID:
- T238500
- དབོན་ཞང་རྡོ་རིང (Tibetan, Tibetan script, Original)
- > dbon zhang rdo ring (Tibetan, Latin script, Transliteration-THL Extended Wylie Transliteration)
- > wön shyang do ring (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྡོ་རིང་དེ་ནི་ལྷ་སའི་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་དེ་སྔོན་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་བཙུགས་པར་གྲགས་པའི་རྒྱ་ལྕང་ཞིག་ཡོད་པ་དེའི་སུ་གནས་ཤིང་རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་༤༧༨དང་ཞེང་ཚད་ལ་སྤྱི་ཁྲེ་༠༩༥མཐུག་ཚད་ལ་སྤྱི་ཁྲེ་༠༥༠བཅས་ཡོད་པ་དང། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཞབས་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་ཡི་གེ་བཀོད་ཅིང་། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་༧༡དང་ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧དང་གཡས་སུ་རྒྱ་ཡིག་ཡིག་ཕྲེང་༦ བྱང་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་རྒྱ་བོད་ཤན་སྦྱར་དང། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད། བོད་རྒྱའི་དེབ་ཐེར་ཁག་ཏུ་འཁོད་པར་གཞིགས་ན་བཙན་པོའི་དུས་སྐབས་སུ་རྒྱ་བོད་དབར་དུ་ཆིང་ཡིག་ཐེངས་མང་བྱས་ཡོད་ཚོད་ཀྱང་ཆིངས་ཡིག་གི་ནང་དོན་ཡིག་ཐོག་འཁོད་པ་ནི་ཐེངས་གཉིས་ལས་མེད་པའི་དང་པོ་བོད་ཀྱི་བཙན་པོ་ཁྲི་སྲོང་སྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་ཏེ་ཙུང་གི་དུས་སུ་༧༨༣ལོར་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་བ་མངགས་ནས་རྒྱའི་ཆིང་ཧྲུའི་ཟེར་བའི་ས་ཆར་ཆིངས་འགྲིག་བྱས་པ་དེ་རེད། སྐབས་དེའི་ཆིངས་ཡིག་གི་ནང་དོན་རྒྱའི་ཡིག་ཚང《ཚེ་ཧྥུའུ་ཡོན་ཀུའི》ཟེར་བའི་ནང་གསལ་ཡང་བོད་ཡིག་ཏུ་འཁོད་པ་མ་མཐོང། ཐེངས་གཉིས་པ་ནི་འདིར་འཆད་རྒྱའི་དབོན་ཞང་རྡོ་རིང་ཐོག་འཁོད་པ་སྟེ། དེ་ནི་བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའི་ཙུང་གི་དུས་སུ་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་བ་མངགས་ནས་བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་བདུན་པ་ལྕགས་གླང་༨༢༡ལོར་ཐང་གི་རྒྱལ་ས་ཁྲང་ཨན་དང། ཆུ་སྟག་༨༢༢ལོར་བོད་ཀྱི་ལྷ་ས་སོ་སོར་སྔ་རྗེས་སུ་ཆིངས་འགྲིག་བྱས་པ་མ་ཟད་བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་དགུ་པ་ཆུ་ཡོས་༨༢༣ལོར་ལྷ་སར་ཆིངས་ཡིག་གི་ནང་དོན་རྡོ་རིང་ལ་བཀོད་དེ་གཙུག་ལག་ཁང་གི་མདུན་དུ་བཙུགས་ཡོད། ད་དུང་ཐང་གི་རྒྱལ་ས་ཁྲང་ཨན་དུའང་རྡོ་རིང་དེ་འདྲ་ཞིག་བཙུགས་པར་འཁོད་ཀྱང་ད་ལྟ་བསྡད་མེད། རྡོ་རིང་གི་ཡི་གེའི་ནང་དུ་དེ་སྔོན་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བཙན་རྒྱལ་ཐོག་གཉིས་ཀྱི་སྐབས་སུ་ཐང་རྒྱལ་རབ་ཝུན་ཁྲེན་ཀོང་ཇོ་དང་ཀིམ་ཤིང་ཀོང་ཇོ་སྔ་རྗེས་སུ་བཙན་པོའི་ཇོ་མོར་བསུས་ནས་བོད་རྒྱ་གཉེན་དུ་འབྲེལ་ཏེ་དབོན་ཞང་དུ་གྱུར་པའི་ལོ་རྒྱུས་དོན་ཆེན་ལ་དྲན་གསོ་དང། ཐང་བོད་གཉིས་སྔར་ནས་ཆབ་སྲིད་གཅིག་ཏུ་མོལ་ཏེ་བོད་རྒྱ་མི་རིགས་དབར་མཛའ་མཐུན་དམ་ཟབ་ཀྱི་འབྲེལ་བ་ཆགས་པ་མ་ཟད། ཐ་ན་སྐབས་རེ་མཐའ་མཚམས་སོ་བློན་གྱིས་ས་ཆ་ས་ཤས་སུ་དམག་འཁྲུག་བསླངས་ནས་ཟིང་ཆ་བྱུང་བའི་སྐབས་ཀྱང་ཕན་ཚུན་འགྲོ་འོང་རྒྱུན་མི་ཆད་པའི་མཛའ་བཤེས་འབྲེལ་བར་ནན་བཤད་བྱས་པ་ཕྱོགས་གཉིས་ཀས་དུས་གཏན་དུ་འཁོད་རྩོད་ཞི་བར་བྱས་ནས་གཉེན་རྙིང་པའི་སྲི་ཞུ་དང་དེ་སྔའི་ཁྱིམ་མཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་ཏེ་རབས་ཁྲིར་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་པ་དེ་བོད་རྒྱ་མི་རིགས་གཉིས་པོའི་མི་དམངས་ཀྱི་རེ་འདོད་དང་བསམ་འདུན་མཚོན་པར་གསལ་བཤད་བྱུང་བ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གནད་ཆེན་ཞིག་རེད་
- language:
- Tibetan
2. Thupten Phuntsok Dictionary
རྡོ་རིང་དེ་ནི་ལྷ་སའི་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་དེ་སྔོན་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་བཙུགས་པར་གྲགས་པའི་རྒྱ་ལྕང་ཞིག་ཡོད་པ་དེའི་འཁྲིས་སུ་གནས་ཤིང་རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་༤.༧༨དང་ཞེང་ཚད་ལ་སྤྱི་ཁྲེ༠.༩༤མཐུག་ཚད་ལ་སྤྱི་ཁྲེ་༠.༥༠བཅས་ཡོད་པ་དང་། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཞབས་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་ཡི་གེ་བཀོད་ཅིང་། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་༧༡དང་ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧དང་གཡས་སུ་རྒྱ་ཡིག་ཡིག་ཕྲེང༦བྱང་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་རྒྱ་བོད་ཤན་སྦྱར་དང་། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད། བོད་རྒྱའི་དེབ་ཐེར་ཁག་ཏུ་འཁོད་པར་གཞིགས་ན་བཙན་པོའི་དུས་སྐབས་སུ་རྒྱ་བོད་དབར་དུ་ཆིང་འགྲིག་ཐེངས་མང་བྱས་ཡོད་ཚོད་ཀྱང་ཆིངས་ཡིག་གི་ནང་དོན་ཡིག་ཐོག་འཁོད་པ་ནི་ཐེངས་གཉིས་ལས་མེད་པའི་དང་པོ་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་ཏེ་ཙུང་གི་དུས་སུ (༧༨༣ལོར) བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་བ་མངགས་ནས་རྒྱའི་ཆིང་ཧྲུའི་ཟེར་བའི་ས་ཆར་ཆིངས་འགྲིག་བྱས་པ་དེ་རེད་དོ། །
- language:
- Tibetan