Skip to main content Skip to search
dbyibs mthun gyi nus pa
ID:
T238531
  • དབྱིབས་མཐུན་གྱི་ནུས་པ (Tibetan, Tibetan script, Original)
    • > dbyibs mthun gyi nus pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yib tün gyi nüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རོ་དང་ཞུ་རྗེས་སོགས་ལ་བལྟོས་མི་དགོས་པ་ནད་བབས་སའི་གནས་དང་། གཉེན་པོ་གཉིས་ཕན་ཚུན་མདོག་དབྱིབས་འདྲ་མཐུན་གྱི་སྒོ་ནས་ནད་འཇོམས་པར་བྱེད་པའི་སྨན་གྱི་ནུས་པའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། དྲུག་པ་དབྱིབས་མཐུན་གྱི་ནུས་པ་ནི། དབྱིབས་ནི་ཀླད་པ་ལ་རྡོ་ཀླད་དང་། སྙིང་མཆིན་མཁལ་མཆེར་གྱི་ནད་ལ་ཞོ་ཤ་བཞི་པོ་སོ་སོས་ཕན་པ་ལྟ་བུ་དང་། ཙན་དན། འབྲི་མོག མཛོ་ཤིང་། སྐག་སོགས་དམར་པོས་ཁྲག་དང་། སྐྱེར་པ་སོགས་སེར་པོས་མཁྲིས་པར་ཕན་པ་ལྟ་བུའོ། །

language:
Tibetan