Skip to main content Skip to search
'bar chung dgon
ID:
T238589
  • འབར་ཆུང་དགོན (Tibetan, Tibetan script, Original)
    • > 'bar chung dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bar chung gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1)དགོན་པ་འདི་སྔོན་སྦྲ་ཞིག་ཡིན། བསྟན་པ་བསྐྱར་དར་སྐབས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྤྱི་ལོ་ (༡༩༨༥) ལོར་མཁན་པོ་ཐུབ་བསྟན་འོད་ཟེར་དང་། སྤྲུལ་སྐུ་རྡོ་ཡག་གཉིས་ཀྱིས་ལས་འགན་བཞེས། ར་སྐོར་མཁན་པོ་ཐུབ་ནོར་གྱིས་ས་དཔྱད་གཟིགས་ནས་འདུ་ཁང་གསར་བཞེངས་མཛད། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད། (2) ②རབ་བྱུང་བཅོ་ལྔ་པའི་མེ་སྟག་སྤྱི་ལོ་ (༡༩༢༦) ལོར་བླ་མ་འཆི་མེད་དགོན་པོས་བཏབ། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་སུ་ཡོད།

language:
Tibetan