Skip to main content Skip to search
'bu skyogs dung 'dra
ID:
T238608
  • འབུ་སྐྱོགས་དུང་འདྲ (Tibetan, Tibetan script, Original)
    • > 'bu skyogs dung 'dra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bu kyok dung dra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ན་བུན་བུ་མོ་སོགས་རུས་མེད་འབུའི་རང་གྲུབ་རུས་སྐོགས་ཏེ་དབྱིབས་དུང་གཡོན་འཁྱིལ་འདག་བ། ཕྱི་ཅུང་ཟད་རྩུབ་ཅིང་ནང་འཇམ་པ། གསར་དུས་མཁྲེགས་ཤིང་དཀར་ལ་དམར་ཞད་ཡོད་པ་དང་། རྙིང་ནས་དཀར་སང་སྙི་ལ་ཁྲོབ་མོར་འགྱུར་བ། ཆེ་ཆུང་མཛུབ་མོའི་མགོ་ཙམ་མམ་ཅི་རིགས་ཡོད། འགའ་ཞིག་ཕུབ་འཁྱིལ་འདྲ་བ་ཡོད་ཀྱང་སྨན་དུ་དུང་འདྲ་བ་དགོས་ཞེས་གསུངས། ཡུལ་གར་ཡང་ཡོད་པས་རྙེད་སླ། མིང་གཞན་ཀླུ་དར་དང་། ཀུན་དར། འབུ་སྐོགས་བཅས་སོ། །རོ་ནུས། རོ་མངར་ལ་ཚ། ཞུ་རྗེས་དྲོད། ནུས་པས་སྲིན་གསོད། དམུ་ཆུ་སྐེམ། ཆུ་འགག་འབྱིན།

language:
Tibetan