- 'bum gyi 'gres rkang brgya dang brgyad
- ID:
- T238621
- འབུམ་གྱི་འགྲེས་རྐང་བརྒྱ་དང་བརྒྱད (Tibetan, Tibetan script, Original)
- > 'bum gyi 'gres rkang brgya dang brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > bum gyi dré kang gya dang gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེ་ཡང་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་གསུམ་དང་། རྣམ་བྱང་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་ལྔ་ཡོད་པ་ལ། ༡གཟུགས་ཀྱི་ཕུང་པོ། ༢ ཚོར་བའི་ཕུང་པོ། ༣ འདུ་ཤེས་ཀྱི་ཕུང་པོ། ༤ འདུ་བྱེད་ཀྱི་ཕུང་པོ། ༥ རྣམ་ཤེས་ཀྱི་ཕུང་པོ་ལྔ་དང་། ༦ མིག་གི་དབང་པོ། ༧ རྣ་བའི་དབང་པོ། ༨ སྣའི་དབང་པོ། ༩ ལྕེའི་དབང་པོ། ༡༠ ལུས་ཀྱི་དབང་པོ་སྟེ་གཟུགས་ཅན་གྱི་དབང་པོ་ལྔ་དང་། ༡༡ཡིད་ཀྱི་དབང་པོ་བཅས་ནང་གི་སྐྱེ་མཆེད་དྲུག་དང་། ༡༢ གཟུགས་ཀྱི་སྐྱེ་མཆེད། ༡༣ སྒྲའི་སྐྱེ་མཆེད། ༡༤ དྲིའི་སྐྱེ་མཆེད། ༡༥ རོའི་སྐྱེ་མཆེད། ༡༦ རེག་བྱའི་སྐྱེ་མཆེད། ༡༧ ཆོས་ཀྱི་སྐྱེ་མཆེད་དང་ཕྱིའི་སྐྱེ་མཆེད་དྲུག་བཅས་ལ་སྐྱེ་མཆེད་བཅུ་གཉིས་སུ་འཇོག་པ་ཡིན། ༡༨ མིག་གི་རྣམ་པར་ཤེས་པ། ༡༩ རྣ་བའི་རྣམ་པར་ཤེས་པ། ༢༠ སྣའི་རྣམ་པར་ཤེས་པ། ༢༡ལྕེའི་རྣམ་པར་ཤེས་པ། ༢༢ ལུས་ཀྱི་རྣམ་པར་ཤེས་པ། ༢༣ ཡིད་ཀྱི་རྣམ་པར་ཤེས་པ་སྟེ་རྣམ་ཤེས་ཚོགས་དྲུག་དང་། ༢༤ རྣ་བའི་འདུས་ཏེ་རེག་པ། ༢༥ མིག་གི་འདུས་ཏེ་རེག་པ། ༢༦ སྣའི་འདུས་ཏེ་རེག་པ། ༢༧ ལྕེའི་འདུས་ཏེ་རེག་པ། ༢༨ ལུས་ཀྱི་འདུས་ཏེ་རེག་པ། ༢༩ ཡིད་ཀྱི་འདུས་ཏེ་རེག་པ་སྟེ་རེག་པ་དྲུག་དང་། ༣༠མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༡རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༢ སྣའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༣ ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༤ ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༥ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་སྟེ་ཚོར་བ་དྲུག ༣༦ སའི་ཁམས། ༣༧ ཆུའི་ཁམས། ༣༨ མེའི་ཁམས། ༣༩ རླུང་གི་ཁམས། ༤༠.ནམ་མཁའི་ཁམས། ༤༡རྣམ་པར་ཤེས་པའི་ཁམས་ཏེ་ཁམས་དྲུག་དང་། ༤༢ མ་རིག་པ། ༤༣ འདུ་བྱེད། ༤༤ རྣམ་པར་ཤེས་པ། ༤༥ མིང་གཟུགས། ༤༦ སྐྱེ་མཆེད་དྲུག ༤༧ རེག་པ། ༤༨ ཚོར་བ། ༤༩ སྲེད་པ། ༥༠.ལེན་པ། ༥༡སྲིད་པ། ༥༢ སྐྱེ་བ། ༥༣ རྒ་ཤི་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཅས་གོང་གསལ་ཁྱོན་བསྡོམས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་གསུམ། རྣམ་བྱང་ཕྱོགས་གྱི་འགྲེས་རྐང་ལྔ་བཅུ་ང་ལྔ་ནི། ༥༤ སྦྱིན་པའི་ཕར་ཕྱིན། ༥༥ ཚུལ་ཁྲིམས་ཕར་ཕྱིན། ༥༦ བཟོད་པའི་ཕར་ཕྱིན། ༥༧ བརྩོན་འགྲུས་ཀྱི་ཕར་ཕྱིན། ༥༨ བསམ་གཏན་གྱི་ཕར་ཕྱིན། ༥༩ ཤེས་རབ་ཀྱི་ཕར་ཕྱིན་ཏེ་ཕར་ཕྱིན་དྲུག ༦༠.ཕྱི་སྟོང་པ་ཉིད། ༦༡ནང་སྟོང་པ་ཉིད། ༦༢ ཕྱི་ནང་སྟོང་པ་ཉིད། ༦༣ སྟོང་པ་ཉིད་སྟོང་པ་ཉིད། ༦༤ ཆེན་པོ་སྟོང་པ་ཉིད། ༦༥ དོན་དམ་པ་སྟོང་པ་ཉིད། ༦༦ འདུས་བྱས་སྟོང་པ་ཉིད། ༦༧ འདུས་མ་བྱས་སྟོང་པ་པ་ཉིད། ༦༨ མཐའ་ལས་འདས་པ་སྟོང་པ་ཉིད། ༦༩ ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད། ༧༠.དོར་བ་མེད་པ་སྟོང་པ་ཉིད། ༧༡རང་བཞིན་སྟོང་པ་ཉིད། ༧༢ ཆོས་ཐམས་ཅད་སྟོང་པ་ཉིད། ༧༣ རང་གི་མཚན་ཉིད་སྟོང་པ་ཉིད། ༧༤ མི་དམིགས་པ་སྟོང་པ་ཉིད། ༧༥ དངོས་པོ་མེད་པ་སྟོང་པ་ཉིད། ༧༦ ངོ་བོ་ཉིད་སྟོང་པ་ཉིད། ༧༧ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་སྟོང་ཉིད་བཅོ་བརྒྱད། ༧༨ བྱང་ཕྱོགས་སོ་བདུན་ནི། ༧༩ དྲན་པ་ཉེར་བཞག་བཞི། ༨༠.ཡང་དག་སྤོང་བ་བཞི། ༨༡རྫུ་འཕྲུལ་གྱི་རྐང་པ་བཞི། ༨༢ དབང་པོ་ལྔ། ༨༣ སྟོབས་ལྔ། ༨༤ བྱང་ཆུབ་ཀྱི་ཡན་ལག་བདུན། ༨༥ འཕགས་ལམ་ཡན་ལག་བརྒྱད། ༨༦ འཕགས་པའི་བདེན་པ་བཞི། ༨༧ བསམ་གཏན་བཞི། ༨༨ ཚད་མེད་པ་བཞི། ༨༩ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། ༩༠.རྣམ་པར་ཐར་པ་བརྒྱད། ༩༡མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ༩༢ རྣམ་ཐར་སྒོ་གསུམ། ༩༣ མངོན་པར་ཤེས་པ་དྲུག༩༤ ཏིང་ངེ་འཛིན་བཞི། ༩༥ གཟུངས་ཀྱི་སྒོ་བཞི། ༩༦ སྟོབས་བཅུ། ༩༧ མི་འཇིགས་པ་བཞི། ༩༨ སོ་སོ་ཡང་དག་པའི་རིག་པ་བཞི། ༩༩ སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱམས་པ་ཆེན་པོ། ༡༠༠.སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ། ༡༠༡སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༡༠༢ རྒྱུན་དུ་ཞུགས་པ། ༡༠༣ ཕྱིར་འོང་། ༡༠༤ ཕྱིར་མི་འོང་། ༡༠༥ དགྲ་བཅོམ་པ། ༡༠༦ རང་སངས་རྒྱས། ༡༠༧ གཞི་ཤེས། ༡༠༨ ལམ་ཤེས། ༡༠༨ རྣམ་མཁྱེན་བཅས་རྣམ་བྱང་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་ལྔ་བཅས་གོང་གསལ་ཁྱོན་བསྡོམས་འགྲེས་རྐང་བརྒྱ་དང་བརྒྱད་ཡོད་དོ།
- language:
- Tibetan