- 'bum lung dgon
- ID:
- T238628
- འབུམ་ལུང་དགོན (Tibetan, Tibetan script, Original)
- > 'bum lung dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > bum lung gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་པ་འདི་ཡུན་དར་སྡེ་ཤོག་ཏུ་ཆགས་ཡོད་པས་ན་ཀན་མཚོ་བོད་ཀྱི་དགོན་སྡེ་ཞེས་པའི་ཡིག་ཆའི་ནང་ཡུན་དར་དགོན་ཞེས་བྲིས་འདུག རབ་བྱུང་བཅུ་བཞི་པའི་ས་རྟ་སྤྱི་ལོ་ (༡༨༥༨) ལོར་རྗེ་ཐར་ཤུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གུར་སྒར་ཞིག་བཏབ། སྤྱི་ལོ་ (༡༩༥༨) ལོར་གུར་སྒར་གྱི་མི་ནོར་རྟེན་གསུམ་ཐམས་ཅད་གཏོར་བརླག་ཤོར། སྤྱི་ལོ་ (༡༩༨༠) ལོར་བསྟན་པ་བསྐྱར་དར་གནང་། ཡུལ་མི་དད་ལྡན་རྣམས་ཀྱི་རེ་འདོད་ལྟར་པཎ་ཆེན་རིན་པོ་ཆེས་རྒྱ་སྒོར་སུམ་སྟོང་གནང་སྦྱིན་དང་དགོན་པ་བསྐྱར་གསོའི་སྐོར་ལ་གཟིགས་སྐྱོང་གནང་། ཡུལ་མི་ཚོས་རང་སྟོབས་རང་སྤེལ་གྱིས་དགོན་པའི་འདུ་ཁང་བཞེངས་པ་གསར་དུ་བཞེངས། དེ་གནས་གཞི་གཏན་འཁེལ་ཅན་གྱི་ཁང་དགོན་ཆགས། འཇུ་མི་ཕམ་གྱི་ཞལ་སློབ་བླ་མ་མདོ་སྔགས་ཞེས་པ་ཞིག་གིས་བཏབ། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཁོངས་སུ་ཡོད།
- language:
- Tibetan