- 'bur gzugs ring lugs
- ID:
- T238637
- འབུར་གཟུགས་རིང་ལུགས (Tibetan, Tibetan script, Original)
- > 'bur gzugs ring lugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > bur zuk ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཞན་ཞིག་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་ཀྱི་འབུར་གཟུགས་གྲུབ་མཐའ་ཞེས་ཀྱང་ཟེར། དེ་ནི་སྤྱི་ལོ (༡༩༠༧-༡༩༡༤) བར་ལ་ཧྥ་རན་སིའི་རི་མོའི་གར་སྟེགས་ཐོག་ཐོན་པ་རེད། དེའི་ཁྱད་ཆོས་ནི་གཟུགས་དང་ངོས་མཚོན་པར་བྱེད་རྒྱུ་དེ་སྒྱུ་རྩལ་གྱི་གཙོ་གནད་དུ་འཇོག་གི་ཡོད། དངོས་གཟུགས་ཀྱི་བཟོ་དབྱིབས་མཐའ་དག་རིལ་གཟུགས་དང་། སྙུང་གཟུགས། ཀ་རིལ་གཟུགས་བཅས་ཀྱིས་རྨང་གཞི་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། དེ་གོང་འཕེལ་འགྲོ་སྟངས་ནི་སྔ་རྗེས་དུས་སྐབས་གཉིས་ལ་དབྱེ་ཡོད། སྔ་མ་ནི་དབྱེ་ཞིབ་འབུར་གཟུགས་རིང་ལུགས་ཀྱི་དུས་སྐབས་ཡིན། དེས་རང་བྱུང་ཁམས་ཀྱི་དངོས་གཟུགས་རྣམས་ཕྱེད་དྭངས་གསལ་དབྱིབས་ཀྱི་གཤགས་ངོས་ལ་ཁག་དབྱེ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་པ་མ་ཟད། ཕན་ཚུན་བསྲེས་བརྩེགས་ཀྱིས་རི་མོ་ཞིག་གྲུབ་པ་བྱེད་ཀྱི་ཡོད། དེ་རྗེས་ཡང་བསྐྱར་དུས་མཚུངས་མཚོན་བྱེད་ཅེས་པའི་བྱེད་ཐབས་སྤྱད་དེ་རི་མོ་ཞིག་གི་ངོས་ལ་དངོས་དོན་གཅིག་གི་ཕྱོགས་མི་འདྲ་བའི་ཆ་དེ་དུས་ཅིག་ཅར་དུ་མཚོན་པ་བྱས་ཡོད། དཔེར་ན། མིའི་འདྲ་རིས་ཀྱི་གདོང་ཞལ་དང་ཟུར་ཞལ་གཉིས་དུས་གཅིག་ཅར་དུ་མཚོན་པ་བྱས་ཡོད་པ་སོགས་རེད། ཕྱི་མ་ནི་ཕྱོགས་བསྡུས་འབུར་གཟུགས་རིང་ལུགས་ཀྱི་དུས་སྐབས་ཡིན་པ་སྟེ་སྐྱོ་འབྱར་གྱི་བྱེད་ཐབས་སྤྱད་དེ་ཤོག་ལྷེབ་སོགས་རས་གཞིའི་ངོས་སུ་འབྱར་ཏེ་གཟུགས་བརྙན་ཞིག་མཚོན་པར་བྱེདཔ་དེ་ཡིན། འབུར་གཟུགས་རིང་ལུགས་ཀྱི་ཐོག་མའི་སྲོལ་བཏོད་པ་ནི་སྦི་ཀཱ་སོའོ་དང་། པོ་ལ་ཁེ་གཉིས་ཡིན།
- language:
- Tibetan