Skip to main content Skip to search
'bom bu dgon
ID:
T238670
  • འབོམ་བུ་དགོན (Tibetan, Tibetan script, Original)
    • > 'bom bu dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bom bu gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ལ་འབྲོམ་བུ་དགོན་ཡང་འབྲི་སྲོལ་འདུག དགོན་འདིར་ཐོག་མར་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་ཡུལ་འདིར་གཞི་པ་གླང་ལུང་དགོན་དང་། སྡེ་ལྟར་གསེར་ལུང་དགོན། ཚེ་བུམ་དུ་ཉ་མོ་དགོན། འབོམ་བུར་ཨ་རྒྱལ་དགོན། མོ་ལོར་སྤོས་ཆུང་དགོན་ཞེས་དགོན་ཆུང་འགའ་ཡོད་པ་དེ་དག་འབོམ་བུ་སྒང་འདིར་གཅིག་ཏུ་འདུས་ནས་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཆགས། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་འདན་མ་མཁན་ཆེན་ཡོན་ཏན་དཔལ་བཟང་དགོན་འདིར་ཕེབས་ནས་གཞུང་དཀའ་པོད་ལྔ་འཆད་ཉན་གནང་བས་དགེ་ལུགས་པའི་ཆོས་དང་འབྲེལ་བར་ཚུགས། སྤྱི་ལོ (༡༦༤༠) ལོར་སོག་པོ་གུ་ཤྲཱི་ཧན་གྱི་དམག་གིས་གནས་འདིར་འཚེ་བ་མང་པོ་ར་ཐེབས། བཀའ་དགོན་རྣམས་གཏོར་བཤིགས་བཏང་། དགོན་པའི་གྲྭ་ཤག་ཐམས་ཅད་སོ་སོའི་ནང་རྗེ་བློ་བཟང་གྲགས་པའི་སྐུ་རེ་མེད་ན་ཆད་པ་ཡོད་སྟབས། སྐབས་དེར་དགོན་འདིར་རྗེའི་སྐུ་གཅིག་ལས་མེད་སྟབས། གྲྭ་ཤག་རྣམས་ཀྱི་གྱང་ལ་ཁུང་བུ་བརྟོལ་ཏེང་སྐུ་དེ་ལ་ཐི་གུ་བཏགས་ནས་ནམ་དགོས་ཡར་མར་དྲངས་སྐད། དེང་དུས་གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཡོད།

language:
Tibetan