Skip to main content Skip to search
'bol chen dgon
ID:
T238675
  • འབོལ་ཆེན་དགོན (Tibetan, Tibetan script, Original)
    • > 'bol chen dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bol chen gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གཅིག་པའི་ནང་དུ་བླ་མ་འབོལ་ཆེན་ཤེས་རབ་བློ་ལྡན་དང་ཁོང་གི་ཚ་བོ་པདྨ་བསྟན་འཛིན་གཉིས་ཀྱིས་སྒྲུབ་གནས་རི་ཁྲོད་ཅིག་བཏབ། རྫོགས་ཆེན་པདྨ་རིག་འཛིན་གནས་འདིར་འབོལ་ཆེན་ཤེས་རབ་བློ་ལྡན་མཇལ་དུ་ཕེབས། རི་ཁྲོད་དེ་དར་རྒྱས་ཕྱིན་པར་འབོལ་ཆེན་དགོན་པར་ཆགས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད།

language:
Tibetan