- 'byung khungs kyi sgra 'jug tshul bzhi
- ID:
- T238681
- འབྱུང་ཁུངས་ཀྱི་སྒྲ་འཇུག་ཚུལ་བཞི (Tibetan, Tibetan script, Original)
- > 'byung khungs kyi sgra 'jug tshul bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > jungkhung kyi dra juk tsul shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྱུང་ཁུངས་དངོས་དང། འབྱུང་ཁུངས་ཆ་འདྲ་བ། དགར་བ། སྡུད་པ་བཞིའོ། །འབྱུང་ཁུངས་དངོས་ནི། འབྱུང་བཞི་ལས་འབྱུང་ཆོས་ཤིག་བྱུང་བར་སྟོན་པ། འབྱུང་ཁུངས་ཆ་འདྲ་བ་ནི་དངོས་པོ་གང་ཡང་རུང་བ་ལས་དངོས་པོ་གཞན་ཞིག་དངོས་སུ་བྱུང་བ་མིན་ནའང་སྐབས་དེ་ལས་བྱུང་བ་ལྟར་སྣང་བ་ཞིག་གོ ། དགར་གཞི་དང་དགར་ཆོས་གཉིས་རིགས་མཐུན་པར་དགར་བ་དང་རིགས་མི་འཐུན་པར་དགར་བ་དགར་བའི་དོན་ཅན། སྡུད་པ་ནི་ཚིག་དོན་སྔ་མའི་བར་གྱི་ཚིག་དོན་རྣམས་སྡུད་པ་སྡུད་པའི་དོན་ཅན་བཅས་སོ། །
- language:
- Tibetan
2. Thupten Phuntsok Dictionary
འབྱུང་ཁུངས་དངོས་དང་འབྱུང་ཁུངས་ཆ་འདྲ་བ། དགར་བ། སྡུད་པ་བཞིའོ། །འབྱུང་ཁུངས་དངོས་ནི། འབྱུང་གཞི་ལས་འབྱུང་ཆོས་ཞིག་བྱུང་བར་སྟོན་པ། འབྱུང་ཁུངས་ཆ་འདྲ་བ་ནི་དངོས་པོ་གང་ཡང་རུང་བ་ལས་དངོས་པོ་གཞན་ཞིག་དངོས་སུ་བྱུང་བ་མིན་ནའང་གནས་སྐབས་དེ་ལས་བྱུང་བ་ལྟར་སྣང་བ་ཞིག་གོ །
- language:
- Tibetan