- 'byung 'gyur ring lugs
- ID:
- T238688
- འབྱུང་འགྱུར་རིང་ལུགས (Tibetan, Tibetan script, Original)
- > 'byung 'gyur ring lugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > jung gyur ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེང་རབས་ནུབ་ཕྱོགས་སུ་ཐོན་པའི་རིག་རྩལ་གྱི་བསམ་པའི་རླབས་རྒྱུན་ཞིག་ཡིན། འཛམ་གླིང་དམག་ཆེན་དང་པོའི་སྔ་རྗེས་ཀྱི་སྤྱི་ལོ (༡༩༠༩) ལོར་དབྱི་ཐཱ་ལིའི་མཱ་ལི་ནའེ་ཐི་ཡིས་འབྱུང་འགྱུར་རིང་ལུགས་ཀྱི་རིག་རྩལ་ལས་འགུལ་ཞིག་དར་སྤེལ་བྱས་པ་མ་ཟད། བསྒྲགས་གཏམ་ཡང་སྤེལ། ལོ་རྗེས་མ་དེར་རི་མོ་མཁས་ཅན་ཁྱྀར་ལཱ་དང་པོ་ཅུས་ཉི་སོགས་ལས་འགུལ་འདིར་བཞུགས། དེ་རྗེས་དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སུ་བཅས་ལ་རིམ་བཞིན་ཁྱབ། འབྱུང་འགྱུར་རིང་ལུགས་ཀྱིས་སྲོལ་རྒྱུན་རིག་རྩལ་དང་གཏན་བྲལ་མཐར་ཕྱིན་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དེས་མི་རིགས་རིང་ལུགས་མཐའ་གཅིག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། སྒྱུ་རྩལ་གྱིས་ཚན་རིག་འཕྲུལ་ཆས་ཅན་དུ་འགྱུར་བའི་དུས་རབས་ལ་བསྟོད་གླུ་འབུལ་བ་དང་། འཕྲུལ་ཆས་དང་། དམག་གྲུ། གནམ་གྲུ་སོགས་ཀྱི་མྱུར་ཚད་བསྐོར་འགུལ་མཚོན་པར་བྱས་ཏེ། དམག་འཁྲུག་དང་། འཇིགས་སྐུལ། ཉེན་ཁར་མི་འཛེམས་པ། མི་གསོད་ཁྲག་སྦྱོར། སྲིད་གཞུང་མེད་པའི་རིང་ལུགས་སོགས་ཀྱི་གཏོར་བཤིག་བྱ་སྤྱོད་ལ་བསྟོད་གླུ་དང་བསྔགས་བརྗོད་བྱེད་ཀྱི་ཡོད། དཔེར་ན། རྟ་རྒོད་གཅིག་བྲིས་ན་རྐང་པ་བཞི་ལས་འདས་ཏེ། རྐང་པ་བཅུ་ཕྲག་ཁ་ཤས་ཕན་ཚུན་སྦྲེལ་ནས་བྲིས་པ། འཆིང་ཤུགས་མེད་པའི་སྒོ་ནས་རི་མོར་བཀོད་སྒྲིག་དང་། ཧམ་པ་ཆེ་བའི་པིར་རྗེས། ཚོན་མདོག་དང་བཅད་ཀྱིས་འགུལ་ཚོར་ཤུགས་ཚོར་མྱུར་ཚོར་བཅས་མཚོན་པར་བྱེད་ཀྱི་ཡོད།
- language:
- Tibetan