- 'byung po'i gdon nad
- ID:
- T238691
- འབྱུང་པོའི་གདོན་ནད (Tibetan, Tibetan script, Original)
- > 'byung po'i gdon nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > jungpö dön né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འབྱུང་པོའི་གདོན་གྱི་རྒྱུ་རྐྱེན་ནི། སྲོག་བཅད་པ་དང། འཕྲོག་བཅོམ་ལ་སོགས་སྡིག་པ་མི་དགེ་བའི་ལས་མང་དུ་བྱས་པ་དང་། ཡང་ན་གྲོགས་མེད་པ་གཅིག་པུར་ཡ་ང་བའི་གནས་སུ་སྡུག་བསྔལ་དང་བཅས་པས་བསྡད་པ། ཡུལ་གཉེན་པོར་གྲགས་པའི་དྲེགས་པ་གནས་པའི་རྟེན་རྫས་དང་གནས་ཡུལ་རི་བྲག་སོགས་ལ་འབག་བཙོག་བྱས་པ་དང་། གཏོར་བཤིག་བྱས་པ། བརྙས་བཅོས་དང་ཁྱད་བསད་བྱས་པ། རང་གི་དུས་རྒྱུན་མཆོད་པའི་མཆོད་འོས་ཀྱི་ལྷ་ལ་གསོལ་མཆོད་ཆགས་པ། ཡིད་ལ་མྱ་ངན་གྱིས་ཧ་ཅང་གདུང་དྲགས་པ། ལུས་ངག་ཡིད་གསུམ་པོ་རང་རང་གི་ཁམས་དང་། ནུས་པ་དང་མི་མཚུངས་པའི་ལས་ལ་འཇུག་པ་བཅས་ནི་འབྱུང་གདོན་འཇུག་པའི་རྒྱུ་ཡིན། འབྱུང་གདོན་གྱིས་ཟིན་པའི་རྟགས་ཀྱི་མཚན་ཉིད་ནི། འབྱུང་པོ་མི་མ་ཡིན་པ་གང་དང་གང་ཡིན་དེ་དང་དེའི་རང་བཞིན་དང་སྤྱོད་པ་རྣམས་ནད་པ་ལ་ཞུགས་ནས་ནད་པ་རང་གི་གཤིས་ཀ་བསྒྱུར་འགྲོ་བཞིན་ཡོད་པ་རེད།
- language:
- Tibetan