Skip to main content Skip to search
'byung ba lnga ldan zas
ID:
T238692
  • འབྱུང་བ་ལྔ་ལྡན་ཟས (Tibetan, Tibetan script, Original)
    • > 'byung ba lnga ldan zas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jungwa ngaden zé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འབྱུང་བ་ལྔའི་ཁམས་ཀྱི་ཡོན་ཏན་ལྡན་པའི་ཟས་ལ་བཞེད་པ་མི་འདྲ་བ་ཙམ་མཆིས་པས་འདིར་རགས་ཙམ་བཀོད་ན། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་མེས་མོའི་ཞལ་ལུང་ལས། ཟས་གང་འབྱུང་བ་གང་ཤས་ཆེ་བ་དེས་རང་རང་གི་འབྱུང་བ་གང་ཡིན་པ་རྒྱས་པར་བྱེད་པ། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཅེས་སོགས་ཀྱི་ཚུལ་ལྟར་བཞེད་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། འབྱུང་བ་ལྔ་ཆ་མཉམ་པར་ལྡན་པ་རོ་དྲུག་ལྡན་གྱི་དོན་དང་། མཚོན་བྱེད་ཙམ་ན། རྒྱ་གར་བའི་ཕལ་སྐད་དུ་མུ་ལ་སི་ཏ་ཞེས་པ། བོད་ཀྱི་མེ་ཏོག་གངས་ལ་དཀར་པོའི་ཐུར་གྱི་འོ་མའི་ལྡེ་གུ་སྲོ་མ་སེང་གེར་འབོད་པ་དང་། ཟས་ཁ་སུར་པར་གྲགས་པ་ཟུར་མཁར་བས་འབྲ་གོར་བཞེད་པ་འདི་གཉིས་ལ་རོ་དྲུག་ཚང་བས་དེ་ལྟ་བུའི་འབྱུང་བ་ལྔ་ལྡན་དགོས་ཞེས་གསུངས་པས་དཔྱད་པར་བྱའོ། །

language:
Tibetan