- 'bras spungs klu 'bum dge bshes
- ID:
- T238717
- འབྲས་སྤུངས་ཀླུ་འབུམ་དགེ་བཤེས (Tibetan, Tibetan script, Original)
- > 'bras spungs klu 'bum dge bshes (Tibetan, Latin script, Transliteration-THL Extended Wylie Transliteration)
- > dré pung lu bum geshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཡས་མས་ཤིག་ལ་མདོ་སྨད་ཨ་མདོ་རེབ་གོང་ས་ཁུལ་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་རི་མོ་གསན་པས་ཚེགས་མེད་དུ་མཁྱེན། སྐུ་ནར་སོན་ནས་འབྲས་སྤུངས་ཀླུ་འབུམ་ཁང་ཚན་ཚོགས་བཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་དགེ་བཤེས་ཀྱི་མིང་བཏགས་བཞེས། མཁས་མཆོག་དེའི་བརྩམ་བྱའི་རི་མོ་གཙོ་བོའི་གྲས་ནི་སྒོ་མང་གྲྭ་ཚང་གི་གནས་བཅུའི་ཞལ་ཐང་དང་། རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་། སྒོ་མང་གྲྭ་ཚང་གི་སྒོ་འཕྱོར་གྱི་རྒྱལ་ཆེན་བཞིའི་ལྡེབས་རིས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་བདེ་གསང་འཇིགས་གསུམ་དང་ཆོས་རྒྱལ་ནང་སྒྲུབ་སོགས་སྲུང་མའི་ཞལ་ཐང་བཀའ་རྒྱ་མར་གྲགས་པ་བཞེངས་གནང་མཛད་ཡོད།
- language:
- Tibetan