Skip to main content Skip to search
'bras bu gling mchod sprin gar
ID:
T238721
  • འབྲས་བུ་གླིང་མཆོད་སྤྲིན་གར (Tibetan, Tibetan script, Original)
    • > 'bras bu gling mchod sprin gar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drebu ling chötrin gar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲས་བུ་གླིང་མཆོད་སྤྲིན་གར་ཞེས་དེའང་སྡེ་སྲིད་ཕག་མོ་གྲུ་པ་ནས་བཟུང་བོད་ས་གནས་སྲིད་གཞུང་རིམ་བྱུང་སྐབས་འགངས་ཆེའི་མཛད་སྒོར་འཁྲབ་སྲོལ་ཡོད་པ་ནི་ཏཱ་ལའི་བླ་མ་དབུ་སྐར་གཙུག་ཕུད་བཞེས་སྐབས་དང་། གསེར་ཁྲི་མངའ་གསོལ། དགུང་གསར་དཀའ་སྟོན་བཅས་སུ་ཡིན། དེ་དོན་ནི་རིན་སྤུངས་ངག་དབང་འཇིགས་མེད་གྲགས་པས(རབ་བྱུང་བརྒྱད་པའི་ཆུ་སྟག་ནས་རབ་བྱུང་དགུ་པའི་འགོའི་ལོ་བཅུ་ལྷག་པར)ལྷ་ཀླུ། དྲི་ཟ། མིའམ་ཅི། ལྟོ་ཕྱེ་ཆེན་པོ། ནམ་མཁའ་ལྡིང་། གནོད་སྦྱིན་ཀུན་དུ་དགའ་བ། ཤིས་བརྗོད་དགའ་བ་འཁྱིལ་བ་སྟེ་སྣམ་པ་བརྒྱད་པོ་རང་གཟུགས་ཀྱི་ཟློང་གར། གླུ་དབྱངས་ཀྱི་ངེས་པ་བདུན་ལས་དྲངས་ཏེ་སྙན་ཚིག་ཉམས་བསྟུན་གྱི་བྱུང་བ་བཞིན་སྔར་ཡོད་གར་རོལ་དེར་ལེགས་བཅོས་དང་འགའ་ཞིག་ཀྱང་བསྣན་ཏེ་སྲོལ་གཏོད་པ་བསམ་གྲུབ་རྩེར་དང་། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས(༡༦༧༥)ལོར་ཕོ་བྲང་པོ་ཏ་ལར་འདར་པ་ལོ་ཙྭ་བ་བསོད་ནམས་ལྷན་གྲུབ་དང་འཕྱོངས་རྒྱས་གྲོང་སྟོད་པ་གཉིས་ཀྱིས་སླར་ཡང་བསྒྲིགས་པ་ཡིན་འདུག འབྲས་བུ་གླིང་གི་མཆོད་སྤྲིན་གར་ལ་ཁྱོན་འཁྲབ་ཚད་བརྒྱད་ཡོད། དང་པོ། གང་གི་དྲིན་གྱི་བདེ་ཆེན། གཉིས་པ། རིན་ཆེན་སྐྱེད་མོས་ཚལ་གྱི་མཚོ་འགྲམ། གསུམ་པ། དྲི་ཟ་ཀུན་ཏུ་དགའ་བའི་གར། བཞི་པ། མིའམ་ཅི་ཀུན་རུ་དགའ་བའི་གར། ལྔ་པ། སྟོབས་པོ་ཆེ་ཀུན་ཏུ་དགའ་བའི་གར། དྲུག་པ། གནོད་སྦྱིན་ཀུན་རུ་དགའ་བའི་གར། བརྒྱད་པ། སྣང་བ་མཚོན་གྱི་སྐལ་པ་བཟང་པོ་བཅས་སོ། གོང་གསལ་འཁྲབ་ཚན་སོ་སོར་ཆས་དང་འགྱིང་སྟབས་མི་འདྲ་བ་རེ་ཡོད་པ་དཔེར་ན་མཁའ་ལྡིང་ཀུན་ཏུ་དགའ་བ་འཁྲབ་དུས་ཁྱུང་གི་གཤོག་པ་དང་གཟེ་སྒྲོ་ཆ་ཚང་གྱོན་ནས་འཕུར་ལྡིང་གི་འགྱིང་སྟབས་བྱིང་ཆགས་པ་བྱེད་ཀྱི་ཡོད། འབྲས་བུ་གླིང་མཆོད་སྤྲིན་གར་པའི་རོལ་མོ་གཙོ་བོ་གླིང་བུ་ཡིན་ཞིང་དེ་གར་པའི་རོལ་མོ་མཁན་གྱི་འབུད་དཀྲོལ་བྱེད་ཀྱི་ཡོད།

language:
Tibetan

2. Thupten Phuntsok Dictionary

འབྲས་བུ་གླིང་མཆོད་སྤྲིན་གར་ཞེས་པ་དེའང་སྡེ་སྲིད་ཕག་མོ་གྲུ་པ་ནས་བཟུང་བོད་ས་གནས་ཀྱི་སྲིད་གཞུང་རིམ་བྱུང་སྐབས་འགངས་ཆེའི་མཛད་སྒོར་འཁྲབ་སྲོལ་ཡོད་པ་ནི་ཏཱ་ལའི་བླ་མ་དབུ་སྐྲ་གཙུག་ཕུད་བཞེས་སྐབས་དང་། གསེར་ཁྲི་མངའ་གསོལ། དགུང་གསར་དགའ་སྟོན་བཅས་སུ་ཡིན། དེ་དོན་ནི་རིན་སྤུངས་པ་ངག་དབང་འཇིགས་མེད་གྲགས་པས (རབ་བྱུང་བརྒྱད་པའི་ཆུ་སྟག་ནས་རབ་བྱུང་དགུ་པའི་འགོའི་ལོ་བཅུ་ལྷག་བར) ལྷ་ཀླུ། དྲི་ཟ། མིའམ་ཅི། ལྟོ་ཕྱེ་ཆེན་པོ། ནམ་མཁའ་ལྡིང་། གནོད་སྦྱིན་ཀུན་ཏུ་དགའ་བ། ཤིས་བརྗོད་དགའ་བ་འཁྱིལ་བུ་སྟེ་རྣམ་པ་བརྒྱད་པོ་རང་གཟུགས་ཀྱི་ཟློས་པ། གླུ་དབྱངས་ཀྱི་ངེས་པ་བདུན་ལས་དྲངས་ཏེ་སྙན་ཚིག་ཉམས་བསྟུན་གྱི་བྱུང་བ་བཞིན་སྔར་ཡོད་གར་རོལ་དེར་ལེགས་བཅོས་དང་འགའ་ཞིག་ཀྱང་བསྣན་ཏེ་སྲོལ་གཏོད་པ་གཞིས་ཀ་བསམ་གྲུབ་རྩེར་དར། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས (༡༦༧༥) ལོར་ཕོ་བྲང་ཕོ་ཏ་ལར་འདར་པ་ལོ་ཙཱ་བསོད་ནམས་ལྷུན་གྲུབ་དང་འཕྱོངས་རྒྱས་གྲོང་སྟོད་པ་གཉིས་ཀྱིས་སླར་ཡང་བསྒྲིགས་པ་ཡིན་འདུག འབྲས་བུ་གླིང་གི་མཆོད་སྤྲིན་གར་ལ་ཁྱོན་འཁྲབ་ཚན་བརྒྱད་ཡོད། དང་པོ། གང་གི་དྲིན་གྱི་བདེ་ཆེན། གཉིས་པ། རིན་ཆེན་སྐྱེད་མོས་ཚལ་གྱི་མཚོ་འགྲམ། གསུམ་པ། དྲི་ཟ་ཀུན་ཏུ་དགའ་བའི་གར། བཞི་པ། མིའམ་ཅི་ཀུན་ཏུ་དགའ་བའི་གར། ལྔ་པ། སྟོབས་པོ་ཆེ་ཀུན་ཏུ་དགའ་བའི་གར། དྲུག་པ། ནམ་མཁའ་ལྡིང་ཀུན་ཏུ་དགའ་བའི་གར། བདུན་པ། གནོད་སྦྱིན་ཀུན་ཏུ་དགའ་བའི་གར། བརྒྱད། སྣང་བ་མཚོན་གྱི་སྐལ་པ་བཟང་པོ་བཅས་སོ། །གོང་གསལ་འཁྲབ་ཚན་སོ་སོར་ཆས་དང་འགྱིང་སྟབས་མི་འདྲ་བ་རེ་ཡོད་པ་དཔེར་ན་མཁའ་ལྡིང་ཀུན་ཏུ་དགའ་བ་འཁྲབ་དུས་ཁྱུང་གི་གཤོག་པ་དང་གཟེ་སྒྲོ་ཆ་ཚང་གྱོན་ནས་འཕུར་ལྡིང་གི་འགྱིང་སྟབས་བྱིང་ཆགས་པ་བྱེད་ཀྱི་ཡོད། འབྲས་བུ་གླིང་མཆོད་སྤྲིན་གར་པའི་རོལ་མོ་གཙོ་བོ་གླིང་བུ་ཡིན་ཞིང་དེ་གར་པའི་རོལ་མོ་མཁན་གྱིས་འབུད་དཀྲོལ་བྱེད་ཀྱི་ཡོད།

language:
Tibetan