Skip to main content Skip to search
'bras bu gnyis snang 'khrul pa'i bden snang
ID:
T238722
  • འབྲས་བུ་གཉིས་སྣང་འཁྲུལ་པའི་བདེན་སྣང (Tibetan, Tibetan script, Original)
    • > 'bras bu gnyis snang 'khrul pa'i bden snang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drebu nyinang trulpé den nang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཐལ་འགྱུར་བའི་ལུགས་ལ་མ་རིག་བག་ཆགས་ཀྱི་འབྲས་བུ་བདེན་པར་སྣང་བའི་ཆ་ལ། གཉིས་སྣང་འཁྲུལ་པའི་བདེན་སྣང་དུ་འཇོག་པ་ཡིན། བདེན་པར་སྣང་བའི་ཤེས་པ་རྣམས་ལ། རང་ལ་སྣང་བའི་ཡུལ་རྣམས་རང་འཛིན་ཡུལ་ཅན་ལས་གཞན་དུ་སྣང་བས་ན་གཉིས་སྣང་དང་། བདེན་པར་གྲུབ་པར་སྣང་བས་སྣང་བ་ལྟར་མ་གྲུབ་པའི་རྒྱུ་མཚན་གྱིས་བདེན་སྣང་ཅན་གྱི་ཤེས་པ་རྣམས་འཁྲུལ་ཤེས་སུ་འཇོག་པ་ཡིན། བདེན་འཛིན་ཉོན་སྒྲིབ་ཡིན་པ་དང་། ས་བརྒྱད་པའི་སྐབས་སུ་ཉོན་སྒྲིབ་མ་ལུས་པ་སྤངས་ཏེ་ཤེས་སྒྲིབ་སྤོང་བའི་འགོ་རྩོམ་པ་དང་། ཉོན་སྒྲིབ་མ་སྤངས་པ་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་པ་ཁས་བླངས་པ་ཡིན། བདེན་འཛིན་གྱི་བག་ཆགས་དང་། བདེན་སྣང་གི་ཆ་ཞིག་ཤེས་སྒྲིབ་ཏུ་འཇོག་པ་ཡིན།

language:
Tibetan