Skip to main content Skip to search
'bras bu'i dga' ba bzhi
ID:
T238727
  • འབྲས་བུའི་དགའ་བ་བཞི (Tibetan, Tibetan script, Original)
    • > 'bras bu'i dga' ba bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drebü gawa shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཏིང་ངེ་འཛིན་ནི་འབྲས་དུས་ཀྱི་དགའ་བ་བཞི་སྟེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་ས་བོན་བཅོམ་པའི་བདེ་བའི་ཏིང་ངེ་འཛིན་ནི་དགའ་བ། ཤེས་རབ་ནི་སྟོང་གཞི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བས་བདེ་བ་དེ་དང་ངོ་བོ་གཅིག་ཏུ་གྱུར་པས་སྣང་བ་རྣམ་བཅས་རྣམ་མེད་གང་རུང་དུ་འཆར་བ་མཆོག་དགའ། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དེ་ཁྱད་དགའ། ཏིང་ངེ་འཛིན་ནི་ཡུལ་ལྷག་མ་རྣམས་ཀྱི་རྩ་ཁམས་བདེ་བར་གནས་འགྱུར་བའི་བདེ་བ་དང་སྟོང་ཉིད་ཟུང་འཇུག་གི་སྐུ་ནི་ལྷན་སྐྱེས་དགའ་བའོ། །ཞེས་པ་འདི་དག་ཤེས་བྱ་ཀུན་ཁྱབ་ལས་སོ། །

language:
Tibetan