Skip to main content Skip to search
'bras bu'i bon rigs lnga
ID:
T238728
  • འབྲས་བུའི་བོན་རིགས་ལྔ (Tibetan, Tibetan script, Original)
    • > 'bras bu'i bon rigs lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drebü bön rik nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདིའི་འགྲེལ་བཤད་ཞིབ་པ་ཞིག་སྔོན་ཆད་མ་མཐོང་བས《ཐུའུ་བཀྭན་གྲུབ་མཐའ》ལས་གསུངས་པར་ལྟར་རྐང་གྲངས་ཙམ་སྨྲོས་ན། ༡.དགེ་བསྙེན། ༢.ཨ་དཀར། ༣.དྲང་སྲོང་། ༤.ཡེ་གཤེན་བཅས་བཞིའི་སྟེང་ཁྱད་པར་ཆེན་པོའི་ཐེག་པ་གཅིག་བསྣན་པས་ལྔ་ཡིན་པ་དང་དགེ་བསྙེན་ལ《སྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ》སོགས་དང་། ཨ་དཀར་ལ་རྒྱུད་ལུང་དུ་མ་ཡོད་པ་དང་། དང་སྲོང་ལ་འབུམ་སྡེ་བཞི། ཡེ་གཤེན་ལ་སེམས་ལུང་སྡེ་བཞི། ཁྱད་པར་ཆེན་པོའི་ཐེག་པ་ལ་མན་ངག་སྡེ་ལྔ་ཡོད། རྒྱུའི་བོན་གཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང་། དགེ་བསྙེན་དང་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོང་། ཨ་དཀར་དང་ཡེ་གཤེན་གཉིས་ཀྱིས་ཤེས་སྒྲིབ་སྦྱོང་། ཁྱད་པར་བླ་ན་མེད་པའི་ཐེག་པས་ལྷན་རྒྱས་རྩ་བ་ནས་གཅོད། ཡང་ན་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་བ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ། ཨ་དཀར་དང་ཡེ་གཤེན་གཉིས་ཀྱིས་སྐྱེ་བ་གཅིག་ལ་ཐར་པ་ཐོབ། ཁྱད་པར་བླ་ན་མེད་པའི་ཐེག་པས་ཚེ་གཅིག་ཉིད་ལ་བོན་སྐུ་ཐོབ་ཅེས་བཤད་དོ་ཞེས་གསུངས་པའི་མཇུག་ཙམ་ལ་ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ་འདི་དག་ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ། སྟག་གཟིག རྒྱ་དཀར་ནག བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི《གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན》ཞེས་བྱ་བ་ལས་འབྱུང་བ་ལྟར་བྲིས་ཞེས་གསུངས་འདུག

language:
Tibetan

2. Thupten Phuntsok Dictionary

འདིའི་འགྲེལ་བཤད་ཞིབ་པ་ཞིག་སྔོན་ཆད་མ་མཐོང་བསཐུའུ་བཀྭན་གྲུབ་མཐའ》ལས་གསུངས་པ་ལྟར་རྐང་གྲངས་ཙམ་སྨྲོས་ན། ༡དགེ་བསྙེན། ༢ ཨ་དཀར། ༣ དྲང་སྲོག ༤ ཡེ་གཤེན་བཅས་བཞིའི་སྟེང་ཁྱད་པར་ཆེན་པོའི་ཐེག་པ་གཅིག་བསྣན་པས་ལྔ་ཡིན་པ་དང་དགེ་བསྙེན་ལསྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ》སོགས་དང་། ཨ་དཀར་ལ་རྒྱུད་ལུང་དུ་མ་ཡོད་པ་དང་། དྲང་སྲོང་ལ་འབུམ་སྡེ་བཞི། ཡེ་གཤེན་ལ་སེམས་ལུང་སྡེ་བཞི། ཁྱད་པར་ཆེན་པོའི་ཐེག་པ་ལ་མན་ངག་སྡེ་ལྔ་ཡོད། རྒྱུའི་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང་། དགེ་བསྙེན་དང་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོང་། ཁྱད་པར་བླ་ན་མེད་པའི་ཐེག་པས་ལྷན་སྐྱེས་རྩ་བ་ནས་གཅོད། ཡང་ན་རྒྱུའི་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་པ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ། ཨ་དཀར་དང་ཡེ་གཤེན་གཉིས་ཀྱིས་སྐྱེ་བ་གཅིག་ལ་ཐར་པ་ཐོབ། ཁྱད་པར་བླ་ན་མེད་པའི་ཐེག་པས་ཚེ་གཅིག་ཉིད་ལ་བོན་སྐུ་ཐོབ་ཅེས་བཤད་དོ། །ཞེས་གསུངས་པའི་མཇུག་ཙམ་ལ་ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ་འདི་དག་ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ། སྟག་གཟིག རྒྱ་དཀར་ནག བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའིགསང་སྔགས་རྫོང་འཕན་ཉི་འོད་རྒྱན》ཞེས་བྱ་བ་ལས་འབྱུང་བ་ལྟར་བྲིས་ཞེས་གསུངས་འདུག

language:
Tibetan