Skip to main content Skip to search
'bras blo gling dge bshes ngag dbang chos grub
ID:
T238730
  • འབྲས་བློ་གླིང་དགེ་བཤེས་ངག་དབང་ཆོས་གྲུབ (Tibetan, Tibetan script, Original)
    • > 'bras blo gling dge bshes ngag dbang chos grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dré lo ling geshé ngawang chö drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་གདན་མ་སྟོང་ཕུད་ཞུ་བ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག(༡༨༩༠)ལོར་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། སྐུ་ཆུང་དུས་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། ལྡན་མ་བློ་ཆོས་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་ལ་སློབ་གཉེར་གནང་། རྗེས་སུ་ལྷ་རམས་པའི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ང་ལྔ་ཙམ་ལ་སྦྱིན་བདག་གིས་གདན་ཞུས་ལྟར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། བཀའ་རྩོམ《ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་རིག་པའི་ཉིན་བྱེད》《ཆོས་ཀྱི་དབྱངས་གསལ་བར་འབྱེད་པའི་གཏམ་གླུ་སྒྲུབ་དགོངས་རྒྱན》དང་དེའི་རང་འགྲེལ་སོགས་མཛད། དགུང་ལོ་དྲུག་ཅུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་གླང(༡༩༤༩)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་གདན་མ་སྟོང་ཕུད་ཞུ་བ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག (༡༨༩༠) ལོར་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། སྐུ་ཆུང་དུས་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། ལྡན་མ་བློ་ཆོས་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་ལ་སློབ་གཉེར་གནང་། རྗེས་སུ་ལྷ་རམས་པའི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ང་ལྔ་ཙམ་ལ་སྦྱིན་བདག་གིས་གདན་ཞུས་ལྟར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། བཀའ་རྩོམཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་རིག་པའི་ཉིན་བྱེད》 ཆོས་ཀྱི་དབྱངས་གསལ་བར་འབྱེད་པའི་གཏམ་ཀླུ་སྒྲུབ་དགོངས་རྒྱན》དང་དེའི་རང་འགྲེལ་སོགས་མཛད། དགུང་ལོ་དྲུག་ཅུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་གླང (༡༩༤༩) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1890 ལོར་མདོ་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1949 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་དང་། རབ་བྱུང་བསྒྲུབས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་ཐོབ། དགུང་ལོ་ལྔ་བཅུ་ང་ལྔ་པར་སྦྱིན་བདག་གིས་གདན་ཞུས་ལྟར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ལྡན་མ་སྟོང་ཕུད་ཅེས་ཞུའོ། ། ཁོང་གི་གསུང་རྩོམ་ནི《ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་རིག་པའི་ཉིན་བྱེད》དང་། 《ཆོས་ཀྱི་དབྱངས་གསལ་[1210]བར་འབྱེད་པའི་གཏམ་ཀླུ་སྒྲུབ་དགོངས་རྒྱན་དང་དེའི་རང་འགྲེལ》བཅས་པོད་ཆུང་གཅིག་བཞུགས་སོ། །

language:
Tibetan