- 'bras mi nyag mkhan sprul blo bzang skal ldan
- ID:
- T238731
- འབྲས་མི་ཉག་མཁན་སྤྲུལ་བློ་བཟང་སྐལ་ལྡན (Tibetan, Tibetan script, Original)
- > 'bras mi nyag mkhan sprul blo bzang skal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > dré mi nyak khen trul lo zang kalden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་ཁམས་མགར་ཐང་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་མི་ཉག་སྐྱིད་ལེགས་དགོན་དུ་ཆོས་ཞིགས་ཀྱིས་ཡི་གེ་འབྲི་ཀློག་དང་གཞུང་ལ་གསན་བསམ་མཛད། དེ་ནས་དབུས་སུ་བྱོན་ཏེ་མཁས་མཆོག་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་མཆོག་དང་། ཀེའུ་ཚང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྩོམ་པ་ལང་ཐུགས་རབ་ཕྱོགས་ཏེ། 《ཡི་དམ་སྤྱི་འགྲོའི་ཚོགས་མཆོད་དང་དེའི་དམ་ཚིག་གི་རིམ་པ་རྒྱས་པར་བཤད་པ་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ》《རྟ་མགྲིན་གསང་སྒྲུབ་ཀྱི་འཕྲིན་ལས་ཀྱི་བྱང་བུ་གསང་གཏམ་སྙིང་གཏེར་དང་དེའི་བསྙེན་ཡིག་རྗེས་གནང》《སློབ་དཔོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རབ་བླ་མཆོད་ཆོ་ག》སོགས་མང་དུ་མཛད། འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཆ་མི་གསལ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་ཁམས་མགར་ཐར་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་མི་ཉག་སྐྱིད་ལེགས་དགོན་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་དང་གཞུང་ལ་གསན་བསམ་མཛད། དེ་ནས་དབུས་སུ་བྱོན་ཏེ་མཁས་མཆོག་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་མཆོག་དང་། ཀེའུ་ཚང་བློ་བཟང་བསྟན་འཛིན་ཡར་རྒྱས། གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྩོམ་པ་ལ་ཡང་ཐུགས་རབ་ཏུ་ཕྱོགས་ཏེ། ཡི་དམ་སྤྱི་འགྲོའི་ཚོགས་མཆོད་དང་དེའི་དམ་ཚིག་གི་རིམ་པ་རྒྱས་པར་བཤད་པ་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ》 རྟ་མགྲིན་གསང་སྒྲུབ་ཀྱི་འཕྲིན་ལས་ཀྱི་བྱང་བུ་གསང་གཏམ་སྙིང་གཏེར་དང་དེའི་བསྙེན་ཡིག་རྗེས་གནང་》 སློབ་དཔོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རམ་བླ་མཆོག་ཆོ་ག》སོགས་མང་དུ་མཛད། འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཆ་མི་གསལ།
- language:
- Tibetan