- 'bri rkang
- ID:
- T238736
- འབྲི་རྐང (Tibetan, Tibetan script, Original)
- > 'bri rkang (Tibetan, Latin script, Transliteration-THL Extended Wylie Transliteration)
- > dri kang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བ་རུ་རའི་ཚི་གུའམ་ཨ་རུ་ར་དང་བ་རུ་ར་གང་རུང་གི་ཚི་གུ་ལས་བཏོན་པའི་མར་ཁུའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། འབྲི་རྐང་སྟེ་རང་ལུགས་བ་རུ་རའི་ཚི་གུ་ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། འབྲི་རྐང་ནི། རླུང་ནད་དང་ཆུ་སེར་སྐབས་བ་རུ་རའི་ཚི་གུའི་མར་དང་། བཅུད་ལེན་གྱི་སྐབས་ཨ་རུ་རའི་ཚི་གུའི་མར་ཡིན་པས་སྐབས་ཐོབ་ཏུ་བྱ་དགོས། ཞེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། སྨན་མར་སྐབས་འགར་དགོས་པའི་འབྲི་རྐང་ལ། །ཨ་བར་ཚི་གུའི་མར་སྐབས་བསྟུན་དགོས་ཀྱང་། ཕྱུགས་མང་འབྲི་ཡི་རྐང་མར་གཏོང་བ་མཐོང་། །ཞེས་གསུངས།
- language:
- Tibetan