- 'bri gung khri dpon
- ID:
- T238738
- འབྲི་གུང་ཁྲི་དཔོན (Tibetan, Tibetan script, Original)
- > 'bri gung khri dpon (Tibetan, Latin script, Transliteration-THL Extended Wylie Transliteration)
- > drigung tri pön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་རབ་བྱུང་གསུམ་པའི་ས་ཕག(༡༡༧༩)ལོ་ལ་འབྲི་གུང་དགོན་པ་བཏབ་རྗེས་གདན་ས་པ་རིམ་པར་བྱུང་བའི་ལྔ་པ་གཅུང་རིན་པོ་ཆེའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ཐོབ་པ་ནས་བྱར་དྭགས་པོ་ཚུན་ལ་ལུང་བསྒྱུར། དཔོན་ཆེན་གསུམ་གྱི་རིང་ས་སྐྱ་པ་དང་འཐབ་ཅིང་། ཐོག་མར་རྒྱལ་ཕམ་སྤེལ་མར་བྱུང་ཞིང་ཐོག་ཁ་རིན་ཆེན་སེང་གི་འབྲི་གུང་གི་གདན་ས་བྱེད་པའི་དུས་སུ་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧུའི་དམག་དཔུང་བོད་དུ་ཁྲིད་ནས་ས་སྐྱར་དམག་དྲངས་པའི་ལན་དུ་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སི་ཆེན་ཧན་གྱི་རྒྱལ་སྲད་ཐི་མུར་བྷོ་ཁའི་དམག་དཔུང་དང་ཁྲི་སྐོར་གྱི་དམག་དཔུང་འབྲི་གུང་དུ་དྲངས་ཏེ་འབྲི་གུང་གླིང་ལོག་བྱས་པ་ནས་བཟུང་མངའ་ཁོངས་ཀྱི་ས་ཆ་ཕལ་ཆེར་ས་སྐྱ་བའི་ལག་ཏུ་ཤོར། ཆོས་རྗེ་ཉེར་བརྒྱད་པའི་དུས་སུ་སི་ཏུ་ཤཱཀྱ་བཟང་པོས་སྒོམ་པའི་ལས་ཀ་བཟུང་སྟེ་ཁྲི་གང་ལྷུན་གྲུབ་གླིང་བརྩིགས། ས་སྐྱ་བའི་སྟེང་དུ་ཏཱ་སིས་དམག་དྲངས་སྐབས་དཔུང་རོགས་གཏོང་བ་སོགས་བྱས། སྐབས་རེ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པར་ཤཱཀྱ་བཙན་གྱི་བུ་གཉིས་གྲོས་བསྟུན་ནས་འོལ་ཁ་སྟག་རྩེ་ལ་བསླུས་བརྩམས་པ་ཤཱཀྱ་བཙན་གྱིས་ཤེས་རྗེས་སི་ཏུ་བྱང་རྒྱལ་ལ་ཞུས་པར་བརྟེན་བུ་གཉིས་ཆུ་ལ་བསྐྱུར། ཕྱིས་སུ་ཏཱ་སི་བྱང་རྒྱལ་གྱིས། ངའི་མགོ་དང་སྟག་མགོ སྟག་རྩེ་གསུམ་ཡོད་པ་ཤཱཀྱ་བཙན་གྱི་དྲིན་ཡིན་ཞེས་ཟེར་སྐད། འབྲི་གུང་ཆོས་ཀྱི་རྒྱལ་པོའི་དུས་སུ་རྫོང་ཇི་བསོད་ནམས་རིན་ཆེན་གྱིས་དཔོན་གྱི་ཁུར་བཟུང་བ་ན་བྱ་བ་གང་ཡིན་གྱོང་པོའི་སྟོབས་ཀྱིས་སྐྱོང་བ་དང་། ཁྱུང་པོ་རུ་བ་དང་། རོང་པོ་སོགས་བཅོམ་ཞིང་། བར་བྱེད་མཁན་སུ་བྱུང་ཡང་མི་ཉན་པར།
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་རབ་བྱུང་གསུམ་པའི་ས་ཕག (༡༡༧༩) ལོ་ལ་འབྲི་གུང་དགོན་པ་བཏབ་རྗེས་གདན་ས་པ་རིམ་པར་བྱུང་བའི་ལྷ་པ་གཅུང་རིན་པོ་ཆེའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ཐོབ་ནས་བྱར་དྭགས་པོ་ཚུན་ལ་ལུང་བསྒྱུར། དཔོན་ཆེན་གསུམ་གྱི་རིང་ས་སྐྱ་པ་དང་འཐབ་ཅིང་། ཐོག་མར་རྒྱལ་ཕམ་སྤེལ་མར་བྱུང་ཞིང་ཐོག་ཁ་རིན་ཆེན་སེང་གེས་འབྲི་གུང་གི་གདན་ས་བྱེད་པའི་དུས་སུ་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧུའི་དམག་དཔུང་བོད་དུ་ཁྲིད་ནས་ས་སྐྱར་དམག་དྲངས་པའི་ལན་དུ་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་རྒྱལ་སྲས་ཐི་མུར་བྷོ་ཁའི་དམག་དཔུང་དང་ཁྲི་སྐོར་གྱི་དམག་དཔུང་འབྲི་གུང་དུ་དྲངས་ཏེ་འབྲི་གུང་གླིང་ལོག་བྱས་པ་ནས་བཟུང་མངའ་ཁོངས་ཀྱི་ས་ཆ་ཕལ་ཆེར་ས་སྐྱ་པའི་ལག་ཏུ་ཤོར། ཆོས་རྗེ་ཉེར་བརྒྱད་པའི་དུས་སུ་སི་ཏུ་ཤཱཀྱ་བཟང་པོས་སྒོམ་པའི་ལས་ཀ་བཟུང་སྟེ་ཁྲི་ཁང་ལྷུན་གྲུབ་གླིང་བརྩིགས། ས་སྐྱ་པའི་སྟེང་དུ་ཏཱ་སིས་དམག་དྲངས་སྐབས་དཔུང་རོགས་གཏོང་བ་སོགས་བྱས། སྐབས་རེ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པར་ཤཱཀྱ་བཙན་གྱི་བུ་གཉིས་གྲོས་བསྟུན་ནས་འོལ་ཁ་སྟག་རྩེ་ལ་བསླུས་བརྩམས་པ་ཤཱཀྱ་བཙན་གྱིས་ཤེས་རྗེས་སི་ཏུ་བྱང་རྒྱལ་ལ་ཞུས་པར་བརྟེན་བུ་གཉིས་ཆུ་ལ་བསྐྱུར། ཕྱིས་སུ་ཏཱ་སི་བྱང་རྒྱལ་གྱིས། ངའི་མགོ་དང་སྟག་མགོ། སྟག་རྩེ་གསུམ་ཡོད་པ་ཤཱཀྱ་བཙན་གྱི་དྲིན་ཡིན་ཞེས་ཟེར་སྐད། འབྲི་གུང་ཆོས་ཀྱི་རྒྱལ་པོའི་དུས་སུ་རྫོང་ཇི་བསོད་ནམས་རིན་ཆེན་གྱིས་དཔོན་གྱི་ཁུར་བཟུང་བ་ན་བྱ་བ་གང་ཡིན་གྱོང་པོའི་སྟོབས་ཀྱིས་སྐྱོང་བ་དང་། ཁྱུང་པོ་རུ་བ་དང་། རོང་པོ་སོགས་བཅོམ་ཞིང་། བར་བྱེད་མཁན་སུ་བྱུང་ཡང་མི་ཉན་པའོ། །
- language:
- Tibetan