- 'bri gung 'pho ba chen mo
- ID:
- T238745
- འབྲི་གུང་འཕོ་བ་ཆེན་མོ (Tibetan, Tibetan script, Original)
- > 'bri gung 'pho ba chen mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > drigung powa chenmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་འཕོ་བ་ཆེན་མོ་ཞེས་བོད་སྤྲེལ་ལོ་ནམ་ཤར་དུ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་གཏེར་སྒྲིམ་ཕུར་འབྲོང་ངུར་སུམ་བདོ་དགོན་གྱི་ས་གནས་སུ་འབྲི་གུང་མཐིལ་དགོན་གཙོ་བོའི་ཐོག རྩ་ཞོལ་དགོན ཡངས་རི་དགོན། རྫོང་རྩེ་དགོན་སོགས་ཀྱི་ཁྱོན་གྲྭ་གྲངས་སྟོང་ཕྲག་ཡས་མས་འཛོམས་ནས་ཟླ་གཅིག་རིག་གྲྭ་ཚང་སོ་སོའི་ཚོགས་གར་ནང་ཟུར་ཚོགས་བྱེད་ཀྱི་ཡོད་པ་དང་འབྲེལ་འབྲི་གུང་ཆེ་ཚང་ཆུང་ཚང་གཉིས་ཀ་ཕེབས་ཀྱི་ཡོད་པ་མ་ཟད། དེ་སྐབས་ཁམས་ཡུལ་དང་། དྭགས་ཀོང་། སྟོད་ལ་དྭགས། བྱང་རིགས། དབུས་གཙང་སོགས་ཕྱོགས་ཡས་མས་ཀྱི་འབྲི་ལུགས་ཆོས་སྡེ་གང་ས་ནས་ཡོང་བའི་སེར་སྐྱ་མང་ཚོགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱི་སར་འབྲི་གུང་སྐྱབས་མགོན་སོགས་ནས་འཕོ་བ་གནང་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་འཕོ་བ་ཆེན་ལོ་ཞེས་བོད་སྤྲེལ་མོ་ནམ་ཤར་དུ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་གཏེར་སྒྲོམ་ཕུར་འབྲོང་ངུར་སུམ་མདོ་དགོན་གྱི་ས་གནས་སུ་འབྲི་གུང་མཐིལ་དགོན་གཙོ་བོའི་ཐོག རྩ་ཞོལ་དགོན། ཡངས་རི་དགོན། རྫོང་རྗེ་དགོན་སོགས་ཀྱི་ཁྱོན་གྲྭ་གྲངས་སྟོང་ཕྲག་ཡས་མས་འཛོམས་ནས་ཟླ་གཅིག་རིང་གྲྭ་ཚང་སོ་སོའི་ཚོགས་གུར་ནང་ཟུར་ཚོགས་བྱེད་ཀྱི་ཡོད་པ་དང་འབྲེལ་འབྲི་གུང་ཆེ་ཚང་ཆུང་ཚང་གཉིས་ཀ་ཕེབས་ཀྱི་ཡོད་པ་མ་ཟད། དེ་སྐབས་ཁམས་ཁུལ་དང་། དྭགས་ཀོང་། སྟོད་ལ་དྭགས། བྱང་རིགས། དབུས་གཙང་སོགས་ཕྱོགས་ཡས་མས་ཀྱི་ལུགས་ཆོས་སྡེ་གང་ས་ནས་ཡོང་བའི་སེར་སྐྱ་མང་ཚོགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱི་སར་འབྲི་གུང་སྐྱབས་མགོན་སོགས་ནས་འཕོ་བ་གནང་སྲོལ་ཡོད།
- language:
- Tibetan