Skip to main content Skip to search
'bri gung ang kong rin po che
ID:
T238749
  • འབྲི་གུང་ཨང་ཀོང་རིན་པོ་ཆེ (Tibetan, Tibetan script, Original)
    • > 'bri gung ang kong rin po che (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drigung ang kong rinpoche (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲི་གུང་ཨང་ཀོད་རིན་པོ་ཆེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་བཅུའི་ནང་སྙན་གྲགས་ཆེ་ཙམ་ཡོད་པ་ཞིག་ཡིན། ཁོང་ནི་ད་ལྟའི་རི་མདོ་སྒང་ཤད་གི་ར་སེ་གྲོང་ཚོར་སྐུ་འཁྲུངས། མཚན་ཨང་ཀོང་དཀོན་མཆོག་བློ་གྲོས་ཞེས་ཞུ་བ་དང་། འབྲི་མཐིལ་དགོན་དུ་ཆོས་ཞུགས་གནང་སྟེ་གསན་བཞེས་མཐར་ཕྱིན་རྗེས་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ཅིང་། ངོ་མཚར་ཆེ་བའི་མཛད་པ་མང་པོ་བཤད་སྲོལ་མཆིས་སྟབས་རྒྱལ་ཚབ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡང་འབྲི་གུང་མཐིལ་དུ་ཆེད་ཕེབས་ཀྱིས་ཨང་ཀོང་དང་འཇལ་མོལ་ཡང་གནང་། ཨང་ཀོང་རིན་པོ་ཆེ་མཇལ་མཁན་མང་པོ་ཡོད་པར་རེ་འགས་གང་ཕུལ་བ་རྣམས་བཞེས་པ་མ་ཟད། ད་དུང་གྱོན་པ་སེགས་སྟེར་བ་དང་གསུངས་པ་དང་། དེ་འགས་ཕུལ་བ་བཞེས་རྒྱུ་ལྟ་ཅི་ཐ་ན་མཇལ་ཡང་མི་གནང་བའི་ཐོག་ང་ཁ་རོགས་ཞོག་ཨང་ཅེས་གསུང་གི་ཡོད་འདུག སྐབས་རེ་དུར་ཁྲོད་ཁར་ཕུང་པོ་བྱ་གཏོར་བྱེད་པར་ཡང་ཕེབས་ཀྱི་ཡོད་སྐད། དགུང་གྲངས་བརྒྱད་ཅུ་ལྷག་ཙམ་བཞུགས།

language:
Tibetan

2. Thupten Phuntsok Dictionary

འབྲི་གུང་ཨང་ཀོང་རིན་པོ་ཆེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུའི་ནང་སྙན་གྲགས་ཆེ་ཙམ་ཡོད་པ་ཞིག་ཡིན། ཁོང་ནི་ད་ལྟའི་རི་མདོ་སྒང་ཤང་གི་ར་སེ་གྲོང་ཚོར་སྐུ་འཁྲུངས། མཚན་ཨང་ཀོང་དཀོན་མཆོག་བློ་གྲོས་ཞེས་ཞུ་བ་དང་། འབྲི་མཐིལ་དགོན་དུ་ཆོས་ཞུགས་གནང་སྟེ་གསན་བཞེས་མཐར་ཕྱིན་རྗེས་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ཅིང་། ངོ་མཚར་ཆེ་བའི་མཛད་པ་མང་པོ་བཤད་སྲོལ་མཆིས་སྟབས་རྒྱལ་ཚབ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡང་འབྲི་གུང་མཐིལ་དུ་ཆེད་ཕེབས་ཀྱིས་ཨང་ཀོང་དང་མཇལ་མོལ་ཡང་གནང་། ཨང་ཀོང་རིན་པོ་ཆེ་མཇལ་མཁན་མང་པོ་ཡོད་པར་རེ་འགས་གང་ཕུལ་བ་རྣམས་བཞེས་པ་མ་ཟད། ད་དུང་གྱོན་པ་སོགས་སྟེར་བ་དང་གསུངས་པ་དང་། རེ་འགས་ཕུལ་བ་བཞེས་རྒྱུ་ལྟ་ཅི་ཐ་ན་ཞལ་མཇལ་ཡང་མི་གནང་བའི་ཐོག་ང་ཁ་རོགས་ཞོག་ཨང་ཞེས་གསུང་གི་ཡོད་འདུག སྐབས་རེ་དུར་ཁྲོད་ཁར་ཕུང་པོ་བྱ་གཏོར་བྱེད་པར་ཡང་ཕེབས་ཀྱི་ཡོད་སྐད། དགུང་གྲངས་བརྒྱད་ཅུ་ལྷག་ཙམ་བཞུགས།

language:
Tibetan