Skip to main content Skip to search
'bri thengs gcig gi ri mo
ID:
T238759
  • འབྲི་ཐེངས་གཅིག་གི་རི་མོ (Tibetan, Tibetan script, Original)
    • > 'bri thengs gcig gi ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dri teng chik gi rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་རྒྱ་སྲོལ་གྱི་ཡིག་གཟུགས་མཁས་པ་ཝང་ཤན་ཀྲི་ཡིས་འབྲི་ཐེངས་གཅིག་གིས་ཡི་གེ་འབྲི་བ་དང་། རི་མོ་མཁས་པ་ལུའུ་ཝན་ཝུའེ་ཡིས་འབྲི་ཐེངས་གཅིག་གིས་རི་མོ་འབྲི་བའི་ཤོད་སྲོལ་ཡོད་ཀྱང་འབྲི་ཐེངས་གཅིག་ལ་མི་ཟེར་བར་རི་མོ་དང་ཡིག་གཟུགས་ཀྱི་བརྩམ་བྱ་དེ་འགོ་ནས་མཇུག་བར་གཅིག་ལ་གཅིག་མཐུད་ཀྱིས་དབུགས་ཐེངས་གཅིག་གིས་བྲིས་པ་ལྟར་གྱི་རྣམ་པ་སྟོན་ཐུབ་པ་དེར་འབྲི་ཐེངས་གཅིག་གི་རི་མོ་ཞེས་ཟེར།

language:
Tibetan