Skip to main content Skip to search
'bru chung
ID:
T238786
  • འབྲུ་ཆུང (Tibetan, Tibetan script, Original)
    • > 'bru chung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dru chung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གོང་གསལ་འབྲུ་ཆེན་ལས་ཡིག་གཟུགས་ཆུང་ཞིང་རྐང་པ་ཐུང་བ་ཞིག་སྟེ། དེང་སང་ཚུགས་ཐུང་ཟེར། དེ་ལ་ཡི་གེའི་རྐང་པ་རིང་ཐུང་གཉིས་ཡོད་པའི་རིང་བ་ནི་དེ་སྔོན་བོད་ས་གནས་སྲིད་གཞུང་གི་བཀའ་རྒྱ་དང་། གཏན་ཚིགས། ཁྲིམས་ཡིག་རྩ་ཚིག་བཅས་ལ་བེད་སྤྱོད་བྱེད་སྲོལ་འདུག ཚུགས་ཐུང་གི་ནང་གསེས་དཔེ་ཚུགས་ནི་དེང་སང་ཡོངས་གྲགས་སུ་ཨེ་ཚུགས་དང་ཨེ་བྲིས་ཡང་ཟེར་བ་ཡིག་གཟུགས་ཀྱི་ཤ་ཆེ་བས་བལྟ་ཀློག་བྱེད་དུས་གསལ་བ་དང་རྐང་པ་ཐུང་བས་ཤོག་གྲངས་གཅིག་གི་ནང་ཡིག་འབྲུ་མང་པོ་ཤོང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།

language:
Tibetan

2. Thupten Phuntsok Dictionary