- 'bru smin theg chen dgon
- ID:
- T238792
- འབྲུ་སྨིན་ཐེག་ཆེན་དགོན (Tibetan, Tibetan script, Original)
- > 'bru smin theg chen dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > dru min tekchen gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་འདི་ཐོག་མར་རབ་བྱུང་བཅུ་བཞི་པའི་ནང་ཙམ་ན་འབྲུ་སྨིན་གྲོང་ཚོ་འདིར་རྨྱུང་གནས་ལྷ་ཁང་ཞིག་བཞེངས། འོན་ཀྱང་གནས་འདིར་དར་མདོ་ནས་རྒྱ་ནག་ཏུ་འགྲོ་བའི་ལམ་ཞོར་འཁེལ་ཡོད་སྟབས། རྒྱ་དམག་གིས་རྟག་པར་གནོད་འཚེ་མང་བས། རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་ (༡༩༣༧) ལོར་བླ་མ་ཨ་ཐོ་ཡེ་ཤེས་དང་། གཡུ་ཁོག་བླ་མ་ཧོར་རིག་འཕེལ་གཉིས་ཀྱིས་རི་ངོས་ལ་ཡར་སྤོས་པ་ད་ལྟའི་དགོན་གནས་འདི་ཡིན། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ཁོངས་སུ་ཡོད།
- language:
- Tibetan