Skip to main content Skip to search
'brug chen sku phreng rim byon
ID:
T238806
  • འབྲུག་ཆེན་སྐུ་ཕྲེང་རིམ་བྱོན (Tibetan, Tibetan script, Original)
    • > 'brug chen sku phreng rim byon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drukchen ku treng rim jön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་ཞལ་ལུང་ལས། ངའི་གདན་ས་འདིར་སེང་གེའི་མཚན་ཅན་དགུ་དང་རིགས་གསུམ་མགོན་པོའི་སྤྲུལ་པ་གསུམ་ཕེབས་པའི་རྗེས་སུ་སླར་ཡང་ང་རང་ཐེངས་གཅིག་ཕྱིར་འོང་གི་ཡིན་གསུངས་པའི་ལུང་དོན་ལྟར། འབྲུག་པ་ཤེས་རབ་བཟང་པོ་སྐུ་གཤེགས་པའི་རྗེས་སུ་འབྲུག་སེ་བ་བྱང་ཆུབ་གླིང་གི་གདན་ས་འཛིན་མཁན་འབྲུག་རྒྱལ་དབང་ཀུན་དགའ་དཔལ་འབྱོར་ཕེབས་པ་དེ་ནི་གཙང་པ་རྒྱ་རས་ཡེ་ཤེས་རྡོའི་སྐུའི་ཡང་སྲིད་དེ་མ་ཐག་པ་ཡིན་པར་ངོས་འཛིན་བྱས་ཡོད། དེ་ནས་གདུང་བརྒྱུད་རྫོགས་ཏེ་ཡང་སྲིད་ཕེབས་པའི་འགོ་བརྩམས་པ་ནས་ད་ལྟའི་བར་སྐུ་ཕྲེང་བཅུ་གཉིས་ཕེབས་ཡོད་པ་རེད།

language:
Tibetan