- 'brug pa pad+ma dkar po
- ID:
- T238814
- འབྲུག་པ་པདྨ་དཀར་པོ (Tibetan, Tibetan script, Original)
- > 'brug pa pad+ma dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
- > drukpa pema karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཆིམས་ཡུལ་དགོན་གྱི་གྲོང་ན་ཡབ་ཇོ་སྲས་ཀླུའི་དབང་པོ་དང་ཡུམ་ཆོས་སྐྱོང་སྒྲོལ་མ་རྣམ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་མེ་ཕག (༡༥༢༧) ལོའི་སོས་ཀའི་དུས་མཐའ་མ་ལོ་ཏོག་སྙེ་མའི་ཁུར་གྱིས་ལྕི་བའི་སྐབས་ཀྱི་དུས་བཟང་པོ་ལ་དགེ་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྟེང་རང་གི་སྔོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་མཇལ། དགུང་ལོ་དགུ་པའི་སྟེང་དུ་སྔོན་གྱི་གནས་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ་ཕེབས། རིང་པོ་མ་ལོན་པར་མེ་ཕོ་སྤྲེའུའི་ལོ་རྒྱལ་བས་ཆོ་འཕྲུལ་ཆེན་པོ་བསྟན་པའི་དགའ་བ་དང་པོ་ལ་གདན་སེང་གེའི་ཁྲི་ཆེན་པོར་མངོན་པར་དབང་བསྒྱུར་ཏེ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་མངའ་གསོལ། དེ་ནས་བཟུང་སྟེ་སློབ་དཔོན་ཤེས་རབ་གོ་ཆ་ལ་ཡི་གེའི་ཕྱི་མོ་འབྲི་བ་དང་ཀློག་པ་ཚུལ་བཞིན་དུ་བསླབས། ཕྱི་ནང་རིག་པའི་གསུང་རྩོམ་པོད་བཅུ་བཞི་བརྩམས། རབ་བྱུང་བཅུ་པའི་མེ་སྤྲེལ (༡༥༩༦) ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དགུ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ 1527 ལོར་མཆིམས་ཡུལ་དུ་ཡབ་ཇོ་སྲས་ཀླུའི་དབང་པོ་དང་། ཡུམ་ཆོས་སྐྱོང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1596 ལོར་སྐུ་གཤེགས། དགུང་ལོ་གསུམ་པར་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་མཇལ། དགུང་ལོ་དགུ་པར་ལྷ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ་ཕེབས། དགུང་ལོ་བཅུ་པར་གདན་ས་སེང་གེའི་ཁྲི་ཆེན་དུ་མངའ་གསོལ། དེ་ནས་བཟུང་སློབ་དཔོན་ཤེས་རབ་གོ་ཆ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་མཛད། སློབ་དཔོན་ཆོས་གྲགས་བསྟན་འཕེལ་དང་། ཀུན་མཁྱེན་བཀྲ་ཤིས་སོགས་མཁས་ཆེན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན། བསྟན་པའི་བདག་པོ་ངག་གི་དབང་པོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དབང་ལུང་རྗེས་གནང་མང་པོ་ཐོབ། དགུང་ལོ་བཅུ་བདུན་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོས་མཁན་པོ་མཛད། ལས་སློབ་སྡེ་སྣོད་འཛིན་པ་དཀོན་མཆོག་རིན་ཆེན་པ། གསང་སྟོན་སློབ་དཔོན་སངས་རྒྱ་ཡེ་ཤེས། གྲིབ་ཚོད་ཉང་རམ་པ། གྲོགས་དན་པ་དགེ་སློང་སངས་རྒྱས་ལྷུན་གྲུབ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་བསྙེན། དགེ་ཚུལ། གསོལ་བ་དང་བཞིའི་ལས་[1238]ཀྱི་བསྙེན་པར་རྫོགས་པ་ཆིག་རྫོགས་སུ་མནོས། མཚན་ལ་ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོ་ཞེས་གསོལ། བྱང་ཆུབ་སེམས་བསྐྱེད་པའི་མཚན་ལ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་བསྟན་འགྲོའི་དོན་མཛད་ནས་དུས་འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི《རྗོད་བྱེད་ཚིག་གི་རྒྱུད་བཤད་པ་མཁས་པའི་ཁ་རྒྱུན》དང་། 《ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད》། 《མངོན་རྟོགས་རྒྱན་གྱི་འགྲེལ་བ་བྱམས་པའི་ཞལ་ལུང》། 《དཔེ་རྫི》། 《སེང་གེ་སྒྲའི་ལོ་རྒྱུས》། 《རྟེན་འབྲེལ་རྣམ་བཤད་ཞིབ་མོ་རྣམ་འཐག》། 《རྫ་རིའི་གནས་བསྟོད》བཅས་ཆོས་ཚན་སུམ་བརྒྱ་ཐམ་པ་ཡོད་པ་པོ་ཏེ་བཅུ་བཞིར་བསྡུས་ནས་བཞུགས་སོ། །
- language:
- Tibetan