Skip to main content Skip to search
'brug pa'i gdan sa 'dzin pa'i seng ge dgu tshar
ID:
T238824
  • འབྲུག་པའི་གདན་ས་འཛིན་པའི་སེང་གེ་དགུ་ཚར (Tibetan, Tibetan script, Original)
    • > 'brug pa'i gdan sa 'dzin pa'i seng ge dgu tshar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drukpé densa dzinpé sengé gu tsar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གླིང་རས་པདྨ་རྡོ་རྗེའི་ཞལ་སློབ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་ལས་བྱུང་བའི་སེང་གེའི་མཚན་ཅན་དགུ་དང་། རིགས་གསུམ་མགོན་པོའི་སྤྲུལ་གསུམ་དུ་གྲགས་པ་རྣམས་ཀྱི་མིང་སྟེ། འབྲུག་གི་གདན་ས་འཛིན་པའི་སེང་གེ་དགུ་ཚར་དང་། རིགས་གསུམ་མགོན་པོའི་རྣམ་འཕྲུལ་རྣམས་ནི་གཙང་པ་རྒྱ་རས་ཀྱི་གདུང་རིགས་ཤ་སྟག་ཡིན་ཏེ། གཙང་པ་རྒྱ་རས་སྐུ་གཤེགས་རྗེས་གདན་ས་འཛིན་པའི་སློབ་མ་ནི་དབོན་རས་དར་མ་སེང་གེའམ་སངས་རྒྱས་དབོན་རས་ཡིན་ཞིང་དེ་ནི་སེང་གེ་དགུ་ཚར་ལས་དང་པོ་ཡིན་ལ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་གཅུང་པོའང་ཡིན་ནོ། །

language:
Tibetan