Skip to main content Skip to search
'brub cing brgyal ba
ID:
T238830
  • འབྲུབ་ཅིང་བརྒྱལ་བ (Tibetan, Tibetan script, Original)
    • > 'brub cing brgyal ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drub ching gyalwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སོར་མོའི་འོག་ཏུ་རྒྱུ་བའི་རྩ་རྒྱུད་རེས་དྲག་ཅིང་རེས་ཞན་པར་འཕར་བའི་དཔེ་དོན་སྦྱར་བ་ཞིག་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། འབྲུབ་པ་ཞེས་སྐྱི་བསེར་དང་བསྡོངས་པའི་དྲག་ཆར་གྱི་རྐྱེན་ནས་གློ་བུར་དུ་རྒྱས་ཤིང་དྲག་ཏུ་རྒྱུག་པའི་ཆུའི་མིང་ཡིན་པ་དང་། བརྒྱལ་བ་ཞེས་སེམས་ཅན་གང་གློ་བུར་དུ་དྲན་པ་ཉམས་ནས་འགྱེལ་བའི་དོན་ཡིན་པ་ལྟར་འདིར་སོར་མོའི་འོག་ཏུ་རྩའི་རྒྱུ་བ་རེས་ཕུ་ཆུ་འབྲུབ་པ་ལྟར་དྲག་ཏུ་འཕར་བ་དང་། རེས་བརྒྱལ་བ་ལྟར་སྡོད་པའམ་འཕར་ཤེས་ཉམས་པའི་དོན་ནོ། །

language:
Tibetan