- 'brog mi shAkya ye shes
- ID:
- T238883
- འབྲོག་མི་ཤཱཀྱ་ཡེ་ཤེས (Tibetan, Tibetan script, Original)
- > 'brog mi shAkya ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > drok mi shakya yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཆུ་སྦྲུལ་༩༩༣ལོར་མང་མཁར་དུ་སྐུ་འཁྲུངས། མཁན་པོ་རྒྱ་ཤཱཀྱ་གཞོན་ནུ། སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས། གསང་སྟོན་ཉངརྡོ་རྗེ་སོགས་ལས་གྲམ་པ་རྒྱང་དུ་དགེ་འདུན་གྱི་སྡེ་བཙུགས་པའི་དུས་སུ་རབ་ཏུ་བྱུང། སྐབས་དེར་རབ་བྱུང་སུམ་བརྒྱ་ཙམ་འདུས་པིའ་ནང་ནས་འདི་ཉིད་དང། སྟག་ལོ་གཞོན་ནུ་བརྩོན་འགྲུས། ལེང་གཞོན་ནུ་གསུམ་མཁན་སློབ་རྒྱལ་པོ་དང་བཅས་པས་རྒྱ་གར་དུ་ཆོས་སློབ་ཏུ་བཏང། འབྲོག་མི་རྒྱ་གར་དང་བལ་ཡུལ་དུ་ལོ་བཅུ་གསུམ་ཙམ་བཞུགས་ནས་མཁས་པ་སྒོ་དྲུག་དང་དཔའ་བོ་རྡོ་རྗེ་ལས་མདོ་རྒྱུད་ཀྱི་ཟབ་དོན་བཞེས། ཁྱད་པར་ཕྱིས་ག་ཡ་དྷ་ར་བོད་དུ་བྱོན་པ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ཏེ་ཀྱེེ་རྡོར་རྒྱུད་གསུམ། ར་ལི། ཨ་ར་ལི་བཞི་ལ་སོགས་པའི་རྒྱུད་དང། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ནས་བསྟན་པ་བཀའ་དྲིན་ཆེ། དགུང་ལོ་ང་གཉིས་པ་ཆུ་ལུག་༡༠༤༣ལོར་མང་མཁར་མྱུ་གུ་ལུང་བཏབ་ཅིང། ག་ཡ་དྷ་ར་དང་མཇལ་ནས་ལོ་གསུམ་རིང་གསུང་ངག་གསན། དགུང་ལོ་དྲུག་ཅུ་རེ་གསུམ་ཡན་ནས་འཆད་ཉན་སྤེལ་བར་མཛད་པ་དང། དེ་ནས་ཞི་བར་མ་གཤེགས་བར་སྒྲུབ་པ་གཙོ་བོར་མཛད། དེ་ནས་ཞི་བར་མ་གཤེགས་བར་སྒྲུབ་པ་གཙོ་བོར་མཛད། མཐར་རབ་བྱུང་དང་པོའི་ཤིང་སྟག་༡༠༧༤ལོར་སྐུ་གཤེགས། དགུང་གྲངས་བརྒྱད་ཅུ་གྱ་གཉིས་བཞུགས། འབྲོག་མི་ཤཱཀྱ་ཡེ་ཤེས་འདི་ནི་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་འཛིན་པའི་ཆོས་རྒྱུད་ཀྱི་ཆུ་འགོ་ཡིན་ནོ། །བསྟན་པ་སྤེལ་མའི་གཙོ་བོ། མན་ངག་ཚར་བ་གསུམ། རྒྱུད་ཚར་བ་ལྔ། གྲུབ་པ་ཐོབ་པ་བདུན་སོགས་བྱུང། འདི་ཉིད་ཀྱི་འགྱུར་ལ། འཀའ་འགྱུར་ལས། 《བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ》བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། དེའི་རྒྱུད་ཕྱི་མ་དང་བཅས་པ། 《དཔལ་གསང་པ་རྡོ་རྗེའི་རྒྱུད་ལེའུ་བཞི་པ》 《དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ》 དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོསོགས་དང་། བསྟན་འགྱུར་ལས《ཀྱེེ་རྡོ་རྗེའི་འགྲེལ་པ་ཀོ་མུ་དི》ཞེས་བྱ་བའི་དཀའ་འགྲེལ། 《གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་རྡོ་རྗེ་གླུའི་འགྲེལ་པ》 《མངོན་པར་རྟོགས་པའི་རིམ་པ》ཞེས་བྱ་བ། 《ཞར་བྱུང་དབྱུ་གུ་དྲུག་ཅུ་རྩ་བཞིའི་བཤད་པ》སོགས་མང་ངོ། །དེ་ཉིད་ཀྱི་ལོ་རྒྱུས་ཅུང་ཟད《དེབ་ཐེར་སྔོན་པོ》ལེ་ཚན་པའི་ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
ཆུ་སྦྲུལ (༩༩༣) ལོར་མང་མཁར་དུ་སྐུ་འཁྲུངས། མཁན་པོ་རྒྱ་ཤཱཀྱ་གཞོན་ནུ། སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས། གསང་སྟོན་ཉང་རྡོ་རྗེ་སོགས་ལས་གྲམ་པ་རྒྱང་དུ་དགེ་འདུན་གྱི་སྡེ་བཙུགས་པའི་དུས་སུ་རབ་ཏུ་བྱུང་། སྐབས་དེར་རབ་བྱུང་སུམ་བརྒྱ་ཙམ་འདུས་པའི་ནང་ནས་འདི་ཉིད་དང་། སྟག་ལོ་གཞོན་ནུ་བརྩོན་འགྲུས། ལེང་གཞོན་ནུ་གསུམ་མཁན་སློབ་རྒྱལ་པོ་དང་བཅས་པས་རྒྱ་གར་དུ་སློབ་ཏུ་བཏང་། འབྲོག་མི་རྒྱ་གར་དང་བལ་ཡུལ་དུ་ལོ་བཅུ་གསུམ་ཙམ་བཞུགས་ནས་མཁས་པ་སྒོ་དྲུག་དང་དཔའ་བོ་རྡོ་རྗེ་ལས་མདོ་རྒྱུད་ཀྱི་ཟབ་དོན་བཞེས། ཁྱད་པར་ཕྱིས་ག་ཡ་དྷ་ར་བོད་དུ་བྱོན་པ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ཏེ་ཀྱཻ་རྡོར་རྒྱུད་གསུམ། ར་ལི། ཨ་ར་ལི་བཞི་ལ་སོགས་པའི་རྒྱུད་དང་། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ནས་བསྟན་པ་ལ་བཀའ་དྲིན་ཆེ། མཐར་རབ་བྱུང་དང་པོའི་ཤིང་སྟག (༡༠༧༤) ལོར་གཤེགས། དགུང་གྲངས་བརྒྱད་ཅུ་གྱ་གཉིས་བཞུགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 993 ལོར་མང་མཁར་དུ་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1074 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་སོགས་ལ་ལེགས་པར་སྦྱངས། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་རྗེ་རྒྱལ་མཚན་བཞི་ལས་རབ་བྱུང་བསྒྲུབས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་ལོ་བཅུ་གསུམ་གྱི་རིང་དུ་སློབ་གཉེར་མཛད་ཅིང་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ཏེ་ས་སྐྱའི་ཆོས་རྒྱུད་ཀྱི་ཆུ་[1249]མགོ་ཡིན། དགུང་ལོ་ང་གཉིས་པ་རབ་བྱུང་དང་པོའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1043 ལོར་རང་ཡུལ་མང་མཁར་དུ་མྱུ་གུ་ལུང་བཏབ་ཅིང་འཆད་ཉན་སྤེལ་བས་སློབ་མའི་གཙོ་བོ་མན་ངག་ཚར་བ་གསུམ་དང་། རྒྱུད་ཚར་བ་ལྔ། གྲུབ་ཐོབ་བདུན་སོགས་བྱོན། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ཤིན་ཏུ་མཁས་པས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་བ》དང་། 《དཔལ་གསང་བ་རྡོ་རྗེའི་རྒྱུད》ལེའུ་བཞི་པ། 《དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ》། 《དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ》། 《དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ》། 《དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ》། 《དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ》། 《དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ》། 《རྣལ་འབྱོར་མ་ཟླ་བའི་ཕྲེང་བ》། 《བསྟན་འགྱུར》ལས《མངོན་པར་རྟོགས་པའི་རིམ་པ》། 《དུར་ཁྲོད་བརྒྱད》། 《དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས》། 《ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡན་ལག་དྲུག་པ》། 《འབྱུང་པོ་ཐམས་ཅད་པའི་གཏོར་མ》། 《བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ》བཅས་ཆོས་ཚན་དྲུག་ཅུ་རེ་བདུན་བཞུགས་སོ། །
- language:
- Tibetan