Skip to main content Skip to search
'brong ngur dgon
ID:
T238889
  • འབྲོང་ངུར་དགོན (Tibetan, Tibetan script, Original)
    • > 'brong ngur dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drong ngur gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ་ (༡༥༥༤) ལོར་སྔགས་འཆང་བླ་མ་རྟ་མགྲིན་རྒྱ་མཚོས་ཡུལ་མིའི་རིམ་གྲོ་འཚོགས་ཡུལ་ཆེད་དུ་སྦྲ་གུར་ཕུབ་པའི་ཆོས་སྒར་ཞིག་བཏབ། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ (༡༦༥༢) ལོར་བླ་མ་ཕུར་དགའ་བཀྲ་ཤིས་ཀྱིས་དགོན་པ་བཏབ། འབྲི་གུང་རྗེ་ཆོས་ཀྱི་ཉི་མའི་ཡང་སྒར་གྱི་སྒྲིག་ཁྲིམས་བཞིན་ཁུར་དགོས་པའི་བཅའ་ཡིག་གནང་། གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཁོངས་སུ་ཡོད།

language:
Tibetan