- 'brom stod sku 'bum dgon
- ID:
- T238899
- འབྲོམ་སྟོད་སྐུ་འབུམ་དགོན (Tibetan, Tibetan script, Original)
- > 'brom stod sku 'bum dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > drom tö ku bum gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་དང་པོའི་ཤིང་འབྲུག་སྤྱི་ལོ་ (༡༠༦༤) ལོར་འབྲོམ་སྟོན་པ་སྐུ་གཤེགས་རྗེས་དབུ་ཐོད་དང་། ཞབས་ཆག མཁར་རྒྱུག་རྣམས་བཞུགས་པའི་མཆོད་རྟེན་ཞིག་བཞེངས་པས་འབྲོམ་ཐོད་མཆོད་རྟེན་ཞེས་གྲགས། དེ་རྗེས་གནས་དེར་སྤྱན་རས་གཟིགས་ཕྱག་བཞི་པའི་བསྙེན་པ་འབུམ་གཅིག་ཡོད་པའི་ལྷ་ཁང་ཞིག་བཞེངས་པས་འབྲོམ་སྟོད་སྐུ་འབུམ་ལྷ་ཁང་ཞེས་པ་འདི་བྱུང་བར་གྲགས། འདེབས་མཁན་དང་བཏབ་དུས་མ་གསལ། ལྷོ་ཁ་གོང་དཀར་ཆོས་སྡེའི་དགོན་ལག་དང་། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སུ་ཡོད།
- language:
- Tibetan