- 'brom thod mchod rten
- ID:
- T238901
- འབྲོམ་ཐོད་མཆོད་རྟེན (Tibetan, Tibetan script, Original)
- > 'brom thod mchod rten (Tibetan, Latin script, Transliteration-THL Extended Wylie Transliteration)
- > drom tö chörten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲོམ་ཐོད་གྲོང་ཚོའི་རྒྱབ་རིའི་འདབས་སུ་མཆོད་རྟེན་ཞིག་ཡོད་པ་དེའི་ནང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་དབུ་ཐོད་ཡོད་ཅིང། དེ་སྔོན་ཡུལ་དེར་འབྲོམ་སྟོན་ཅེས་འབོད་ཀྱང་ཕྱིས་མཆོད་རྟེན་དེ་ནས་མིང་དྲས་ཏེ་འབྲོམ་ཐོད་ཅེས་བརྗོད་འདུག རིག་གསར་སྐབས་མཆོད་རྟེན་ནང་བཞུགས་འབྲོམ་སྟོན་གྱི་དབུ་ཐོད་ཞིག་གིས་གསང་སྟབས་ངང་ལྷ་སར་ཉར་ཞིང་བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་༡༩༨༦ལོར་མཆོད་རྟེན་ཉམས་གསོ་ཞུས་པ་དང་སྦྲགས་ནང་རྟེན་རྣམས་ཉམས་ཆག་མེད་པར་གཟུངས་སུ་ཕུལ་འདུག
- language:
- Tibetan
2. Thupten Phuntsok Dictionary
འབྲོམ་ཐོད་གྲོང་ཚོའི་རྒྱབ་རིའི་འདབས་སུ་མཆོད་རྟེན་ཞིག་ཡོད་པ་དེའི་ནང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་དབུ་ཐོད་ཡོད་ཅིང་། དེ་སྔོན་ཡུལ་དེར་འབྲོམ་སྟོད་ཅེས་འབོད་ཀྱང་ཕྱིས་མཆོད་རྟེན་དེ་ནས་མིང་དྲངས་ཏེ་འབྲོམ་ཐོད་ཅེས་བརྗོད་འདུག རིག་གསར་སྐབས་མཆོད་རྟེན་ནང་བཞུགས་འབྲོམ་སྟོན་གྱི་དབུ་ཐོད་དང་མཆོད་ཞལ་སོགས་མཆོད་རྟེན་བཤིགས་སྐབས་ཡུལ་མི་ཞིག་གིས་གསང་སྟབས་ངང་ལྷ་སར་ཉར་ཞིང་བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག (༡༩༨༦) ལོར་མཆོད་རྟེན་ཉམས་གསོ་ཞུས་པ་དང་སྦྲགས་ནང་རྟེན་རྣམས་ཉམས་ཆག་མེད་པར་གཟུངས་སུ་ཕུལ་འདུག
- language:
- Tibetan