- rba byi'u
- ID:
- T238904
- རྦ་བྱིའུ (Tibetan, Tibetan script, Original)
- > rba byi'u (Tibetan, Latin script, Transliteration-THL Extended Wylie Transliteration)
- > ba ji'u (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རང་ལྗོངས་ཀྱི་ས་གནས་ཀུན་ཏུ་ཡོད། ཆུ་རྒྱུན་འབབ་ཀྱི་རྒྱུད་དུ་གནས་པ་དང་། ནམ་དུས་ཀུན་ཏུ་ཡུལ་གཅིག་ཏུ་སྡོད་པ། འཕུར་བའི་མྱུར་ཚད་མགྱོགས་ལ། གནམ་འཕང་གཅོད་པའི་གཤོག་རྩལ་ཞན། གྲང་ལྷག་བཟོད་པའི་ནུས་པ་ཧ་ཅང་ཆེ། རྒྱུན་དུ་ཆུའི་རྒྱུད་ལ་འཕུར་བ་ལས་གཡས་གཡོན་དུ་ཁ་མི་འབྲལ་ལ་རྡོ་ཐོག་ཏུ་བབ་ནས་ལིང་ལིང་བྱེད་པ་དང་། མཇུག་མ་བཏེག་ཙམ་བཏེག་ཙམ་བྱེད། ཨོག་མ་དཀར་པོ་དང་རྐང་པ་ནག་པོ་ཡིན་པ། སྨན་དུ་སྦྱར་བྱ་དང་རོ་ནུས། ཤ་རོ་མངར། ཞུ་རྗེས་བསིལ། ནུས་པས་ཤ་དུག་སེལ། ཨོག་མ་སྐྲངས་པ་ལ་ཕན། ལུས་ཡང། རྩལ་སྟོབས་རྒྱས། ཤུ་ཀྲ་སྐྱེད།
- language:
- Tibetan