- rba 'bring gi sde 'khrug
- ID:
- T238905
- རྦ་འབྲིང་གི་སྡེ་འཁྲུག (Tibetan, Tibetan script, Original)
- > rba 'bring gi sde 'khrug (Tibetan, Latin script, Transliteration-THL Extended Wylie Transliteration)
- > ba dring gi dé truk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་དུ་སྔས་རྒྱས་ཆོས་ལུགས་ཐོག་མ་བསྐྱར་གསོ་གནང་མཁན་དབུས་གཙང་གི་མཁས་པ་མི་བཅུའི་གྲས་དབུས་པ་མི་ལྔའི་ནང་གི་རྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་འཕན་པོར་ལན་པ་སྤྱིལ་བུའི་དགོན་པ་བཏབ་ནས་གནས་བཞི་བཟུང། དེ་ནས་དར་སྤེལ་བྱུང་བའི་ཚོགས་པ་ལ་རྦ་ཚོ་ཟེར་ཞིང་དབུས་པ་མི་ལྔའི་ནང་གི་འབྲིང་ཡེ་ཤེས་ཡོན་ཏན་གྱིས་འཕན་པོར་ངན་ལམ་སྤྱི་མོའི་དགོན་པ་བཏབ་ནས་གནས་གཞི་བཟུང། དེ་ནས་དར་སྤེལ་བྱུང་བའི་ཚོགས་པ་ལ་འབྲིང་ཚོ་ཟེར། ཚོ་པ་སྡེ་གཉིས་པོ་རྗེས་སུ་འཕེལ་རྒྱས་ཆེན་པོ་བྱུང་ནས་དུས་རབས་བཅུ་གཅིག་པའི་དཀྱིལ་དང་དུས་རབས་བཅུ་གཉིས་པའི་འགོར་ཕན་ཚུན་བར་ལྷ་ཁང་དང་དགོན་པ་འཕྲོག་རེས་ཀྱི་དམག་འཁྲུག་ཡང་ཡང་བྱུང་མ་ཟད། བོད་ཀྱི་རབ་བྱུང་གསུམ་པའི་ལྕགས་འབྲུག་༡༡༦༠ལོར། ལྷ་ས་ཁུལ་དུ་ཡོད་པའི་རྦ་རག་ཚོ་པ་གཉིས་ཀྱི་བར་དམག་འཁྲུག་ཡུན་རིང་བྱུང་བ་དང། དམག་འཁྲུག་གི་རིང་ལྷ་ས་གཙུག་ལག་ཁང་དང་ར་མོ་ཆེ་གཉིས་ལ་གཏོར་སྐྱོན་ཚབས་ཆེ་ཙམ་བྱུང་སྐབས་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ཕེབས་ནས་ཕན་ཚུན་གཉིས་ཀར་རྒྱུ་དངོས་འབོར་ཆེན་གནང་སྟེ་བར་འདུམ་མཛད་རྗེས། དམགམའཁྲུག་རིང་གཏོར་སྐྱོན་བྱུང་བའི་ལྷ་ས་གཙུག་ལག་ཁང་ལ་ཉམས་གསོ་ལེགས་པར་མཛད་ནས། སྐབས་དེར་ལྷ་ས་དང་ལྷོ་ཁ་ཁུལ་དུ་དཔལ་འབྱོར་དང་དམག་དོན་གཉིས་ཀའི་ཐད་ནས་སྟོབས་ཤུགས་ཆེ་ཤོས་ཡིན་པའི་གུང་ཐང་བླ་མ་ཞང་རིན་པོ་ཆེར་རྩིས་འབུལ་གནང་བ་བཅསཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལེ་ཚན【ཇ】པ་དང【ན】་གཉིས་དང། རི་བོ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང》སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་བསྐྱར་གསོ་གནང་མཁན་དབུས་གཙང་གི་མཁས་པ་མི་བཅུའི་གྲས་དབུས་པ་མི་ལྔའི་ནང་གི་རྨ་ཚུལ་ཁྲིམས་བློ་གྲོས་ཀྱིས་འཕན་པོར་ལན་པ་སྤྱིལ་བུའི་དགོན་པ་བཏབ་ནས་གནས་བཞི་བཟུང་། དེ་ནས་དར་སྤེལ་བྱུང་བའི་ཚོགས་པ་ལ་རྨ་ཚོ་ཟེར་ཞིང་དབུས་པ་མི་ལྔའི་ནང་གི་འབྲིང་ཡེ་ཤེས་ཡོན་ཏན་གྱིས་འཕན་པོར་ངན་ལམ་སྤྱི་མོའི་དགོན་པ་བཏབ་ནས་གནས་གཞི་བཟུང་། དེ་ནས་དར་སྤེལ་བྱུང་བའི་ཚོགས་པ་ལ་འབྲིང་ཚོ་ཟེར། ཚོ་པ་སྡེ་གཉིས་པོ་རྗེས་སུ་འཕེལ་རྒྱས་ཆེན་པོ་བྱུང་ནས་དུས་རབས་བཅུ་གཅིག་པའི་དཀྱིལ་དང་དུས་རབས་བཅུ་གཉིས་པའི་འགོར་ཕན་ཚུན་བར་ལྷ་ཁང་དང་དགོན་པ་འཕྲོག་རེས་ཀྱི་དམག་འཁྲུག་ཡང་ཡང་བྱུང་བ་མ་ཟད། བོད་ཀྱི་རབ་བྱུང་གསུམ་པའི་ལྕགས་འབྲུག (༡༡༦༠) ལོར། ལྷ་ས་ཁུལ་དུ་ཡོད་པའི་རྦ་རག་ཚོ་པ་གཉིས་ཀྱི་བར་དམག་འཁྲུག་ཡུན་རིང་བྱུང་བ་དང་། དམག་འཁྲུག་གི་རིང་ལྷ་ས་གཙུག་ལག་ཁང་དང་ར་མོ་ཆེ་གཉིས་ལ་གཏོར་སྐྱོན་ཚབས་ཆེ་ཙམ་བྱུང་སྐབས་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ཕེབས་ནས་ཕན་ཚུན་གཉིས་ཀར་རྒྱུ་དངོས་འབོར་ཆེན་གནང་སྟེ་བར་འདུམ་མཛད་རྗེས། དམག་འཁྲུག་རིང་གཏོར་སྐྱོན་བྱུང་བའི་ལྷ་ས་གཙུག་ལག་ཁང་ལ་ཉམས་གསོ་ལེགས་པར་མཛད་ནས། སྐབས་དེར་ལྷ་ས་དང་ལྷོ་ཁ་ཁུལ་དུ་དཔལ་འབྱོར་དང་དམག་དོན་གཉིས་ཀའི་ཐད་ནས་སྟོབས་ཤུགས་ཆེ་ཤོས་ཡིན་པའི་གུང་ཐང་བླ་མ་ཞང་རིན་པོ་ཆེར་རྩིས་འབུལ་གནང་བ་བཅས་ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་ལེ་ཚན[ཇ]པ་དང་[ན]པ་གཉིས་དང་། རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི་ལྷོ་རོང་ཆོས་འབྱུང་》གཉིས་སུ་གསལ།
- language:
- Tibetan