- sbal 'dra'i dus su gdan ltar 'dings pa
- ID:
- T238936
- སྦལ་འདྲའི་དུས་སུ་གདན་ལྟར་འདིངས་པ (Tibetan, Tibetan script, Original)
- > sbal 'dra'i dus su gdan ltar 'dings pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > bal dré dü su den tar dingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་ཡང་ལྷ་སའི་གཙང་པོ་ལྷོ་བྱང་གཉིས་སུ་གྱེས་པ་དེ་སྔར་ལས་ཆེ་རུ་སོང་སྟེ་སྐམ་ས་ཆུས་བཅད་པའི་བཟོ་དབྱིབས་སྲོག་ཆགས་སྦལ་པའི་གཟུགས་དང་འདྲ་བའི་དུས་སུ་ཆུ་རགས་རྒྱག་ཐབས་ནི་ཆུ་རགས་ཀྱིས་ལྷ་སའི་ཕྱོགས་བཞི་ནས་མཐའ་བསྐོར་ཏེ་གདན་བཏིང་བ་ལྟར་རྒྱག་དགོས་པ་ནི། གོང་དུ་དྲངས་པའི་སློབ་དཔོན་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་གཏེར་མ་ལས། ཆུ་རགས་གཙུག་ཁང་གྲུ་བཞིར་བསྐོར། །ཟུར་བཞི་ཀུན་ཏུ་མཐོ་རེ་བརྩིགས། ཁྲོ་བོ་གཤིན་རྗེ་གཤེད་པོ་དང་། །རྟ་མགྲིན་དང་ནི་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་བཞིར་མངའ་གསོལ་བྱ། །ཞེས་གསལ་བ་ལྟར་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དེ་ཡང་ལྷ་སའི་གཙང་པོ་ལྷོ་བྱང་གཉིས་སུ་གྱེས་པ་དེ་སྔར་ལས་ཆེ་རུ་སོང་སྟེ་སྐམ་ས་ཆུས་བཅད་པའི་བཟོ་དབྱིབས་སྲོག་ཆགས་སྦལ་པའི་གཟུགས་དང་འདྲ་བའི་དུས་སུ་ཆུ་རགས་རྒྱག་ཐབས་ནི་ཆུ་རགས་ཀྱིས་ལྷ་སའི་ཕྱོགས་བཞི་ནས་མཐའ་བསྐོར་ཏེ་གདན་བཏིང་བ་ལྟར་རྒྱག་དགོས་པ་ནི། གོང་དུ་དྲངས་པའི་སློབ་དཔོན་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་གཏེར་མ་ལས། ཆུ་རགས་གཙུག་ཁང་གྲུ་བཞིར་བསྐོར། །ཟུར་བཞི་ཀུན་ཏུ་མཐོ་རེ་བརྩིགས། །ཁྲོ་བོ་གཤིན་རྗེ་གཤེད་པོ་དང་། །རྟ་མགྲིན་དང་ནི་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་བཞིར་མངའ་གསོལ་བྱ། །ཞེས་གསལ་བ་ལྟར་ཡིན།
- language:
- Tibetan