- sbyar dug gi nad
- ID:
- T238977
- སྦྱར་དུག་གི་ནད (Tibetan, Tibetan script, Original)
- > sbyar dug gi nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > jar duk gi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་འབུམ་ནད་པོ་ལས། ནམ་ཞིག་ལྔ་བརྒྱའི་ཐ་མར་གྱུར་པའི་ཚེ། །དུས་ངན་དབང་གིས་ལས་ངན་སྤྱོད་པ་བྱེད། །དེ་དུས་དུན་ཙེ་མུ་སྟེགས་བསམ་ངན་གྱིས། །ནུས་པ་དུག་ལ་རེ་ནས་དུག་རྣམས་གཏང་། །ཞེས་དང་། མན་ངག་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙམ་ན། །དུས་ངན་དབང་གིས་སྦྱོར་ངན་སྣ་ཚོགས་བྱེད། །དེ་དུས་མུ་སྟེགས་བསམ་ངན་སྦྱོར་བ་དར། །རྐང་གཉིས་སྲོག་ལ་དུག་གི་ཆན་པས་འདེབས། །ཞེས་གསུངས། འདིར་ཆན་པ་འདེབས་ཞེས་པ་དཔེར་ན་བཅད་བྱའི་ཤིང་ལ་སྟ་རེས་ཆན་པ་བཏབ་ནས་བཅད་པ་ལྟ་བུའོ། །འདིར་མ་འོངས་པ་སྙིགས་མ་ལྔ་བདོ་བའི་དུས་སུ་དུས་ཀྱི་དབང་གིས་རྫས་ངན་གྱི་སྦྱོར་བ་རིགས་མི་འདྲ་བ་སྣ་ཚོགས་དར་ནས་འགྲོ་བ་མིའི་ལུས་ཁམས་བདེ་ཐང་ལ་གནོད་པ་ཡོང་གི་ཡོད་པ་ལུང་བསྟན་ལྟ་བུ་ཞིག་གསུངས་འདུག
- language:
- Tibetan