Skip to main content Skip to search
sbyor sde bzhi sogs
ID:
T238995
  • སྦྱོར་སྡེ་བཞི་སོགས (Tibetan, Tibetan script, Original)
    • > sbyor sde bzhi sogs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jor dé shyi sok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ནད་ལ་ཕན་པའི་སྨན་སྦྱོར་ཐབས་རིགས་མི་འདྲ་བ་བཞི་དང། དྲུག་དང། བཅུ་སོགས་ཁག་ཁ་ཤས་ཡོད་པ་སྟེ། སྦྱོར་སྡེ་བཞི་ནི། ༡ ནད་ཀྱི་དབྱེ་བ་འབྱེད་ཅིང་སྨིན་པར་བྱེད་པ་ཐང་གི་སྦྱོར་བ༧༧ ༢ ནད་ཀྱི་ངོ་བོ་འཇོམས་པར་བྱེད་པ་ཕྱེ་མའི་སྦྱོར་བ༡༦༥ ༣ ནད་ཀྱི་ལྷག་མ་འདོན་པར་བྱེད་པ་རིལ་བུའི་སྦྱོར་བ༢༢ ༤ རྩ་ཚིག་དང་པགས་པ་སོགས་ལ་ཁྱབ་པའི་ནད་ལྷག་འདོན་པར་བྱེད་པ་སྡེ་གུའི་སྦྱོར་བ༢༢བཅས་ཡིན། སྦྱོར་ཐབས་དྲུག་ནི། གོང་གསལ་བཞི་པོ་དེའི་སྟེང་དུ། ༥ ལུས་ཀྱི་སྟོངས་བསྐྱེད་ཅིང་གསོ་བར་བྱེད་པ་སྨན་མར༡༤ ༦ ཚ་བའི་ནད་སེལ་བར་བྱེད་པ་ཁན་དྲའི་སྦྱོར་བ་༡༧བཅས་ཡིན། སྦྱོར་ཐབས་བཅུ་ནི། གོང་གསལ་དྲུག་གི་སྟེང་དུ། ༧ བད་ཀན་དང་གྲང་བའི་ནད་སེལ་བར་བྱེད་པ་སྨན་ཆང་གི་སྦྱོར་བ༣༦ ༨ རླུང་གི་ནད་སེལ་བར་བྱེད་པ་སྨན་ཆང་གི་སྦྱོར་བ༡༩ ༩ ནད་པ་འབྱོར་ལྡན་ལ་ཕན་པ་རིན་པོ་ཆེའི་སྦྱོར་བ༢༠ ༡༠ ནད་པ་དབུལ་ཕོངས་ལ་ཕན་པའི་ཆེད་སྔོ་སྨན་གྱི་སྦྱོར་བ༤༢བཅས་ཡིན། གོང་གསལ་དེ་དག་གི་ངོས་འཛིན་དང་ལག་ལེན་སྐོརསྨན་གྱི་རྒྱུད་བཞི་རྩ་འགྲེལ་ལ་གཟིགས་ན་གསལ།

language:
Tibetan

2. Thupten Phuntsok Dictionary

ནད་ལ་ཕན་པའི་སྨན་སྦྱོར་ཐབས་རིགས་མི་འདྲ་བ་བཞི་དང་། དྲུག་དང་། བཅུ་སོགས་ཁག་ཁ་ཤས་ཡོད་པ་སྟེ། སྦྱོར་སྡེ་བཞི་ནི། ༡ནད་ཀྱི་དབྱེ་བ་འབྱེད་ཅིང་སྨིན་པར་བྱེད་པ་ཐང་གི་སྦྱོར་བ༧༧ ༢ ནད་ཀྱི་ངོ་བོ་འཇོམས་པར་བྱེད་པ་ཕྱེ་མའི་སྦྱོར་བ༡༦༥། ༣ ནད་ཀྱི་ལྷག་མ་འདོན་པར་བྱེད་པ་རིལ་བུའི་སྦྱོར་བ༢༢། ༤ རྩ་ཚིགས་དང་པགས་པ་སོགས་ལ་ཁྱབ་པའི་ནད་ལྷག་འདོན་པར་བྱེད་པ་ལྡེ་གུའི་སྦྱོར་བ༢༢བཅས་ཡིན། སྦྱོར་ཐབས་དྲུག་ནི། གོང་གསལ་བཞི་པོ་དེའི་སྟེང་དུ། ༥ ལུས་ཀྱི་སྟོབས་བསྐྱེད་ཅིང་གསོ་བར་བྱེད་པ་སྨན་མར༡༤། ༦ ཚ་བའི་ནད་སེལ་བར་བྱེད་པ་ཁན་དྲའི་སྦྱོར་བ༡༧བཅས་ཡིན། སྦྱོར་ཐབས་བཅུ་ནི། གོང་གསལ་དྲུག་གི་སྟེང་དུ། ༧ བད་ཀན་དང་གྲང་བའི་ནད་སེལ་བ་ཐལ་སྨན་གྱི་སྦྱོར་བ༣༦། ༨ རླུང་གི་ནད་སེལ་བར་བྱེད་པ་སྨན་ཆང་གི་སྦྱོར་བ༡༩། ༩ ནད་པ་འབྱོར་ལྡན་ལ་ཕན་པ་རིན་པོ་ཆེའི་སྦྱོར་བ༢༠། ༡༠ ནད་པ་དབུལ་ཕོངས་ལ་ཕན་པའི་ཆེད་སྔོ་སྨན་གྱི་སྦྱོར་བ༤༢བཅས་ཡིན། གོང་གསལ་དེ་དག་གི་ངོས་འཛིན་དང་ལག་ལེན་སྐོརསྨན་གྱི་རྒྱུད་བཞི》རྩ་འགྲེལ་ལ་གཟིགས་ན་གསལ།

language:
Tibetan