Skip to main content Skip to search
sbrag tar las khungs
ID:
T239017
  • སྦྲག་ཏར་ལས་ཁུངས (Tibetan, Tibetan script, Original)
    • > sbrag tar las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drak tar lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་སྦྲག་ཏར་ལས་ཁུངས་ནི། ལྷ་ས་སྨན་རྩིས་ཁང་གི་ཤར་ངོས་བསྟན་རྒྱས་གླིང་གི་མདུན་དུ་ཡོད་ཅིང་། བོད་རབ་བྱུང་བཅོ་ལྔ་པའི་ས་རྟ་༡༩༡༨ལོར་གསར་དུ་བཙུགས། འདིར་རིམ་པ་ལྔ་པའི་ལས་ཚན་པ་རྩེ་དྲུང་གཅིག་དང་ཤོད་དྲུང་གཅིག་དོ་དམ་དུ་བསྐོ་སྲོལ་དང། ལས་བྱ་རྩེ་དྲུང་གཅིག ལྷ་སར་སྦྲག་དྲུང་གཉིས་དང། ལམ་འཁེལ་རྫོང་འགོ་འདུ་འགག་ཆེ་ས་ནས་སྦྲག་དྲུང་རེ། སྦྲག་བང་ཞེས་ཡིག་སྐྱེལ་བ་མི་བཅུ་སྐོར་བཅས་ཡོད། ལས་ཁུངས་འདིའི་གཙོ་བོའི་ལས་འགན་ནི་ལྷ་ས་ནས་གཞིས་ཀ་རྩེ་དང། རྒྱལ་རྩེ། ཀོང་པོ་རྒྱ་མདའ་བཅས་བར་གཞུང་དོན་བཀའ་རྒྱ་དང་སྒེར་ཡིག་སྐྱེལ་གཏོང་བྱེད་ཅིང། གཞིས་རྩེ་དང། རྒྱལ་རྩེ། སྣ་དཀར་རྩེ། ཆུ་ཤུལ། བདེ་ཆེན། རྒྱ་མདའ་བཅས་སུ་ལས་བྱེད་སྦྲག་དྲུང་སྡོད་བྱར་བསྐོ་མངགས་དང་ས་ཚིགས་ལྟར་ཡིག་སྐྱེལ་བའི་བརྗེ་ལེན་སྡོད་གནས་སྦྲག་ཁང་རེ་བརྒྱབ་ཡོད་པས་ཡིག་སྐྱེལ་བས་སྦྲག་ཚུགས་ལྟར་ཡིག་འབོག་སྣམ་ཐིག་སེར་པོ་འཁུར་ཞིང་རྐང་ཐང་མགྱོགས་འགྲོས་ཀྱིས་དུས་ཚོད་གཏན་འཁེལ་ནང་སྦྲག་ཚུགས་སོ་སོར་འཁྱོལ་བ་བྱེད་དགོས་པ་ཡིན། སྦྲག་སྤྱིའི་ལས་འགན་ནི་ལྷ་ས་ནས་གྲོ་སྤྱི་དང། གཞིས་ཀ་རྩེ་སྤྱི་རྫོང། ཀོང་པོ་རྒྱ་མདའ་བཅས་ཀྱི་བར་ཡིག་ཟམ་བཙུགས་ཡོད་པ་དེ་དག་ལ་དོ་དམ་ཐོག་ལོ་རེ་སྦྲག་སྤྱི་སེར་སྐྱ་ཁག་བགོས་ཀྱིས་སྦྲག་བང་ལས་དོན་ལ་ཞིབ་འཇུག་དང། སྦྲག་ཕོགས་རྒྱག་པར་བསྐྱོད་སྐབས་ས་ཁུལ་སོ་སོའི་སྦྲག་དྲུང་གིས་ལག་དེབ་ནང་གསལ་སྦྲག་འཛིན་འདྲ་ཡའི་ཐོག་ནས་ལོ་རེའི་སྦྲག་གླ་རྩིས་ཞུ་བྱེད་དགོས། ཏར་ཁང་ལས་ཁུངས་སུ་ཐོག་མའི་དོ་དམ་ཕྱི་རྒྱལ་གྱི་སྐད་ཡིག་དང་ཏར་གཏོང་ལེན་ཤེས་པ་རྩེ་དྲུང་རོང་དཔལ་ལྷུན་ཆོས་ལྡན་བསྟན་དར་ཡིན་པ་དང། ལྷ་ས་ནས་ཏར་དང་ཁ་པར་གཏོང་ལེན་བབས་ཚུགས་ནི་ཐོག་མར་རྒྱལ་རྩེ་ཚོང་སྤྱི་དང། གྲོ་སྤྱི་ཁང་བར་ཡིན་པ་དང། དེ་རྗེས་དབྱིན་ཏར་བཙུགས་རྗེས་ཕྱི་ཕྱོགས་གང་སར་ཏར་འཕྲིན་གཏོང་རྒྱུ་ཡོད་དོ། །

language:
Tibetan

2. Thupten Phuntsok Dictionary

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་སྦྲག་ཏར་ལས་ཁུངས་ནི། ལྷ་ས་སྨན་རྩིས་ཁང་གི་ཤར་ངོས་བསྟན་རྒྱས་གླིང་གི་མདུན་དུ་ཡོད་ཅིང་། བོད་རབ་བྱུང་བཅོ་ལྔ་པའི་ས་རྟ (༡༩༡༨) ལོར་གསར་དུ་བཙུགས། འདིར་རིམ་པ་ལྔ་པའི་ལས་ཚན་པ་རྩེ་དྲུང་གཅིག་དང་ཤོད་དྲུང་གཅིག་དོ་དམ་དུ་བསྐོ་སྲོལ་དང་། ལས་བྱ་རྩེ་དྲུང་གཅིག ལྷ་སར་སྦྲག་དྲུང་གཉིས་དང་། ལམ་འཁེལ་རྫོང་འགོ་འདུ་འགག་ཆེ་ས་ནས་སྦྲག་དྲུང་རེ། སྦྲག་བང་ཞེས་ཡིག་སྐྱེལ་བ་མི་བཅུ་སྐོར་བཅས་ཡོད། ལས་ཁུངས་འདིའི་གཙོ་བོའི་ལས་འགན་ནི་ལྷ་ས་ནས་གཞིས་རྩེ་དང་། རྒྱལ་རྩེ། ཀོང་པོ་རྒྱ་མདའ་བཅས་བར་གཞུང་དོན་བཀའ་རྒྱ་དང་སྒེར་ཡིག་སྐྱེལ་གཏོང་བྱེད་ཅིང་། གཞིས་རྩེ་དང་། རྒྱལ་རྩེ། སྣ་དཀར་རྩེ། ཆུ་ཤུལ། བདེ་ཆེན། རྒྱ་མདའ་བཅས་སུ་ལས་བྱེད་སྦྲག་དྲུང་སྡོད་བྱར་བསྐོ་མངགས་དང་ས་ཚིགས་ལྟར་ཡིག་སྐྱེལ་བའི་བརྗེ་ལེན་སྡོད་གནས་སྦྲག་ཁང་རེ་བརྒྱབ་ཡོད་པས་ཡིག་སྐྱེལ་བས་སྦྲག་ཚུགས་ལྟར་ཡིག་འབོག་སྣམ་ཐིག་སེར་པོ་འཁུར་ཞིང་རྐང་ཐང་མགྱོགས་འགྲོས་ཀྱིས་དུས་ཚོད་གཏན་འཁེལ་ནང་སྦྲག་ཚུགས་སོ་སོར་འཁྱོལ་བ་བྱེད་དགོས་པ་ཡིན། སྦྲག་སྤྱིའི་ལས་འགན་ནི་ལྷ་ས་ནས་གྲོ་སྤྱི་དང་། གཞིས་རྩེ་སྤྱི་རྫོང་། ཀོང་པོ་རྒྱ་མདའ་བཅས་ཀྱི་བར་ཡིག་ཟམ་བཙུགས་ཡོད་པ་དེ་དག་ལ་དོ་དམ་ཐོག་ལོ་རེ་སྦྲག་སྤྱི་སེར་སྐྱ་ཁག་བགོས་ཀྱིས་སྦྲག་བང་ལས་དོན་ལ་ཞིབ་འཇུག་དང་། སྦྲག་ཕོགས་རྒྱག་པར་བསྐྱོད་སྐབས་ས་ཁུལ་སོ་སོའི་སྦྲག་དྲུང་གིས་ལག་དེབ་ནང་གསལ་སྦྲག་འཛིན་འདྲ་ཡའི་ཐོག་ནས་ལོ་རེའི་སྦྲག་གླ་རྩིས་ཞུ་བྱེད་དགོས། ཏར་ཁང་ལས་ཁུངས་སུ་ཐོག་མའི་དོ་དམ་ཕྱི་རྒྱལ་གྱི་སྐད་ཡིག་དང་ཏར་གཏོང་ལེན་ཤེས་པ་རྩེ་དྲུང་རོང་དཔལ་ལྷུན་ཆོས་ལྡན་བསྟན་དར་ཡིན་པ་དང་། ལྷ་ས་ནས་ཏར་དང་ཁ་པར་གཏོང་ལེན་བབས་ཚུགས་ནི་ཐོག་མར་རྒྱལ་རྩེ་ཚོང་སྤྱི་དང་། གྲོ་སྤྱི་ཁང་བར་ཡིན་པ་དང་། དེ་རྗེས་དབྱིན་ཏར་བཙུགས་རྗེས་ཕྱི་ཕྱོགས་གང་སར་ཏར་འཕྲིན་གཏོང་རྒྱུ་ཡོད་དོ། །

language:
Tibetan